རྟའུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཚོ་ཤིང་འཛུགས་ལས་ཀར་བྲེལ།

བདེ་སྐྱིད་ཀྱིས་བསྒྱུར།        2014-04-22

ཁོར་ཡུག་ལྗང་འགྱུར་དང་ཁོར་ཡུག་མཛེས་པར་བརྒྱན་པའི་གོམ་སྟབས་སྔར་ལས་ལྷག་པར་མགྱོགས་སུ་གཏོང་བ་དང་།སྤྱི་ཚོགས་ཀྱི་ནུས་པ་མང་ཆེ་བ་ལྗང་འགྱུར་ཤིང་འཛུགས་དང་ལྗང་འགྱུར་ལ་སྲུང་སྐྱོང་།ལྗང་འགྱུར་ལ་དགའ་ཞེན།ལྗང་འགྱུར་ལ་བདག་སྐྱོང་བཅས་བྱེད་པའི་བྱ་སྤྱོད་ནང་ཞུགས་པའི་ཆེད་དུ།ཟླ་བ4པའི་ཚེས་11ཉིན་གྱི་སྔ་དྲོར།རྟའུ་རྫོང་གི་འགོ་ཁྲིད་ལས་བྱེད་པ་དང་འབྲེལ་ཡོད་སྡེ་ཁགཁེ་ལས་དང་དོན་ལས་སྡེ་ཚན།སློབ་གྲྭཐད་གཏོགས་དམག་དཔུང་།ནགས་ལས་ཉེན་རྟོག་པ་དཔོན་དམག་བཅས་མི་ཁྱོན་བསྡོམས800ལྷག་ཙམ་རྟའུ་ལུང་དང་ཧའོ་ཧྥན་རིར་ཕྱིན་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་བ་རེད།སྔ་དྲོའི་དུས་ཚོད་སྤྱད་ནས་དཀའ་ལས་མཉམ་རྒྱག་བྱས་མཐར་ཤིང་ཕྲུག30000ལྷག་བཙུགས་པ་རེད།ཐེངས་འདིའི་བྱེད་སྒོ་སྤེལ་བ་བརྒྱུད་ཕྱོགས་གཅིག་ནས་དམག་སྒར་གནས་སའི་སྐྱེ་ཁམས་འཛུགས་སྐྲུན་ལ་བྱས་རྗེས་བཞག་ཡོད་པ་དང་ཕྱོགས་གཉིས་ནས་སྔར་ལས་ལྷག་པར་དམག་དཔུང་གི་དཔོན་དམག་མཐོ་སྒང་དུ་རྩ་བ་ཚུགས་ཤིང་ཡོད་ཚད་འབུལ་བའི་སྙིང་སྟོབས་ཆེ་རུ་གཏོང་ཐུབ་པ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་མཉམ་དུ་ཆེད་དོན་གསོ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཞིང་ལས་དངོས་རྫས་རྫུན་མར་རྡུང་རྡེག་དང་དཔྱིད་རྨོས་ལས་ཀར་སྐྱོང་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།