ད་ལོ་ནས་བཟུང་དར་མདོ་གནམ་གྲུ་ཐང་ལ་དགུན་དུས་འཕུར་སྐྱོད་བྱེད་མཚམས་འཇོག་མི་དགོས་པ།

        2014-04-19

 

ད་ལོ་ནས་བཟུང་དར་མདོ་གནམ་གྲུ་ཐང་ལ་དགུན་དུས་འཕུར་སྐྱོད་བྱེད་མཚམས་འཇོག་མི་དགོས་པ།

 ཟླ་བ3པའི་ཚེས30ཉིན་ནས་བཟུང་ཁྲེང་ཏུའུ་ནས་དར་མདོ་བར་ཡང་དུ་གནམ་གྲུ་འཕུར་སྐྱོད་བྱེད་འགོ་ཚུགས་པ།    ཚེས26ཉིན་སྨྱུག་འཛིན་པས་དར་མདོ་གནམ་གྲུ་ཚོགས་ཁག་ནས་ཤེས་རྟོགས་བྱུང་རྒྱུར། ཟླ་བ3པའི་ཚེས30ཉིན་ནས་བཟུང་ཁྲེང་ཏུའུ་ནས་དར་མདོ་བར་གྱི་གནམ་གྲུ་འཕུར་སྐྱོད་བྱེད་འགོ་ཚུགས་པར་མ་ཟད། ད་ལོ་ནས་བཟུང་དར་མདོ་གནམ་གྲུ་ཐང་ལ་དགུན་དུས་གནམ་གྲུ་འཕུར་བ་མཚམས་འཇོག་མི་དགོས་པ་རེད། ཟླ་བ4པའི་ཚེས1ཉིན་ནས་བཟུང་། ཁྲེང་ཏུའུ་ནས་འདབ་པའི་བར་ཉིན་རེར་འཕུར་ཐེངས་གསུམ་རེ་འཕར་བ། ཀྲུང་གོའི་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སི་དང་། སི་ཁྲོན་མཁའ་འགྲུལ་ཀུང་སི། ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་འཕུར་སྐྱོད་ལས་འགན་སྒྲུབ་དགོས།
    ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཏུའུ་ནས་དར་མདོ་བར་ཆུ་ཚོད་10དང་སྐར་མ40ཐོག་འཕུར་འགོ་འཛུགས་པ་དང་དར་མདོ་ནས་ཁྲེང་ཏུའུ་ལ་ཆུ་ཚོད་11དང་སྐར་མ30པའི་ཐོག་འཕུར་སྐྱོད་བྱེད་འགོ་ཚུགས་པ། ཁྲུང་ཆིན་ནས་དར་མདོ་བར་ཟླ་བ5པའི་ཚེས་1ཉིན་ནས་འཕུར་སྐྱོད་བྱ་རྒྱུའི་འཆར་གཞི་ཡོད་པ།
    འདབ་པའི་ཉིན་སྟེན་གནམ་གྲུ་ཐང་ལ་ན་ནིང་ལོའི་ཟླ་བ9པར་གནམ་གྲུ་ཤར་གཏོང་ཐུབ་རྗེས། མཁའ་ལམ་དེ་སྟོན་དུས་ལྗོངས་རྒྱུ་བྱེད་མཁན་མང་བའི་སྐབས་སུ་འགྲུལ་པ་བརྒྱ་ཆ95ཡན་ལ་རྒྱུན་འཛིན་བྱེད་ཐུབ་པ་རེད།
    ཟླ་བ4པའི་ཚེས1ཉིན་ནས་བཟུང་ཁྲེང་ཏུའུ་ནས་འདབ་པ་བར་གྱི་གནམ་གྲུ་འཕུར་ཐེངས་གསུམ་དེ་ཁག་བགོས་ནས་ཀྲུང་གོའི་མཁའ་འགྲུལ་ཀུང་སིསCA4215ཆུ་ཚོད06དང་སྐར་མ40ནས་ཆུ་ཚོད་07དང་སྐར་མ་40བར་དང་། སི་ཁྲོན་མཁའ་གྲུ་ཀུང་སིས3U8653ཆུ་ཚོད06དང་སྐར་མ50ནས་ཆུ་ཚོད07དང་སྐར་མ་50བར་ཡིན། ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སིས་MU2191ཆུ་ཚོད་06དང་སྐར་མ05ནས་ཆུ་ཚོད་07དང་སྐར་མ་05ཐོག་འཕུར་རྒྱུ་རེད།
    གཞན་ཡང་འདབ་པ་ནས་ཁྲེང་ཏུའུ་བར་གྱི་གནམ་གྲུ་འཕུར་ཐེངས་གསུམ་དེ་ཁག་བགོས་ནས་ཀྲུང་གོའི་མཁའ་འགྲུལ་ཀུང་སིསCA4216ཆུ་ཚོད08དང་སྐར་མ20ནས་ཆུ་ཚོད་09དང་སྐར་མ20བར་དང་། སི་ཁྲོན་མཁའ་གྲུ་ཀུང་སིས3U8654ཆུ་ཚོད08དང་སྐར་མ35ནས་ཆུ་ཚོད09དང་སྐར་མ་35བར་ཡིན། ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་མ་རྐང་ཚད་ཡོད་འགན་འཁྲི་ཀུང་སིས་MU2192ཆུ་ཚོད་07དང་སྐར་མ45ནས་ཆུ་ཚོད་08དང་སྐར་མ་45ཐོག་འཕུར་རྒྱུ་རེད།
  • ལེ་ཚན་སྔོན་མ།:གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་འདི་ཟླའི་ཚེས20ཉིན་ལས་འགོ་ཚུགས་རྒྱུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སི་ཁྲོན་ཞིང་ལས་སློབ་ཆེན་དང་མཉམ་དུ་ཆེད་དོན་གསོ་སྦྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།