གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་འདི་ཟླའི་ཚེས20ཉིན་ལས་འགོ་ཚུགས་རྒྱུ།

        2014-04-19

  སྤྱི་ཚོགས་ཡོངས་ཀྱིས་དོ་ཁུར་བྱེད་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དེ་འདི་ཟླའི་ཚེས20ཉིན་ལས་འགོ་ཚུགས་པ་རེད། མིག་སྔར་རྣམ་གྲངས་ལས་འགོ་ཚུགས་པའི་གྲ་སྒྲིག་ལས་ཀ་བྲེལ་འཚུབ་ངང་སྒྲུབ་བཞིན་ཡོད་ལ་ལས་ཀ་ཁག་བདེ་བླག་ངང་སྤེལ་བཞིན་ཡོད།
    གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་གི་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་ལྟར་ན། གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་ལུའུ་ཧྲན་ས་འགུལ་ཆེན་པོ་བྱུང་རྗེས་འགྲིམ་འགྲུལ་གནོད་རྗེས་ཉམས་གསོ་བསྐྱར་བསྐྲུན་རྣམ་གྲངས་ནང་གི་ཆེས་གལ་ཆེ་བའི་རྣམ་གྲངས་ཤིག་ཡིན་ལ། རྣམ་གྲངས་འདི་ས་འགུལ་བྱུང་ནས་ལོ་འཁོར་གཅིག་སོང་བའི་དུས་སྐབས་སུ་ལས་འགོ་ཚུགས་པས་གནོད་ཐེབས་ས་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་་ཆས་གནོད་ཐེབས་རྗེས་ཀྱི་ཉམས་གསོ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པ་རེད།
    གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་དེ་གཡག་རྔའི་ཆར་གྲོང་ཁུལ་ཚའོ་པ་གྲོང་རྡལ་ནས་འགོ་ཚུགས་ཤིང་། ལེ་ཧྲན་དང་གཡག་རྔའི་མྱུར་བགྲོད་གཞུང་ལམ་དང་འབྲེལ་མཐུད་བྱས་ཡོད། ནུབ་ཕྱོགས་སུ་འགག་སྨད་དང་ལྕགས་ཟམ་རྫོང་བརྒྱུད་དེ་དར་མདོའི་གྲོང་ཁུལ་གྱི་ཤར་ངོས་སུ་མཇུག་རྫོགས་པ་དང་། རླངས་འཁོར་བཞི་གཤིབ་རྒྱུ་ཆོག་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་འཛུགས་སྐྲུན་བྱ་རྒྱུ་ཡིན་ལ། མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ80རྒྱུ་ཆོག་ཅིང་ལམ་གདན་གྱི་ཞེང་ཁ་སྨི24.5ཡོད། ཟམ་པ་དང་ཕུག་ལམ་བཟོ་བའི་བསྡུར་ཚད་ནི་བརྒྱ་ཆ82ཡིན་ཞིང་འཛུགས་སྐྲུན་དུས་ཡུན་ལོ6ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཞིང་ལས་འཕྲུལ་ཆས་ཀྱིས་ལི་ཐང་རྫོང་གི་ཞིང་པའི་དཀའ་སྡུག་སེལ།
  • ལེ་ཚན་རྗེས་མ།:ད་ལོ་ནས་བཟུང་དར་མདོ་གནམ་གྲུ་ཐང་ལ་དགུན་དུས་འཕུར་སྐྱོད་བྱེད་མཚམས་འཇོག་མི་དགོས་པ།
  • དོ་སྣང་ཆེ་བའི་རྩོམ།