ཉག་ཆུ་རྫོང་གི་དུས་ཚིགས་དང་པོའི་ནོར་སྲིད་ཡོང་འབབ་ཡག་པོ་ཡིན་པ།

བདེ་སྐྱིད་ཀྱིས་བསྒྱུར།        2014-04-17

ཟླ་བ3པའི་ཚེས31ཉིན་གྱི་བར་དུ་སླེབས་དུས།ཉག་ཆུ་རྫོང་གི་ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཡོང་འབབ་སྒོར་ཁྲི4352.88ཐོག་སླེབས་ཤིང་། ལོ་འགོའི་སྔོན་རྩིས་ཀྱི་བརྒྱ་ཆ28གྲུབ་པས། ན་ལོའི་དུས་མཉམ་ལས་བརྒྱ་ཆ154.69འཕར་བ་རེད། དེའི་ནང་དཔྱ་ཁྲལ་གྱི་ཡོང་འབབ་སྒོར་ཁྲི1108.39གྲུབ་པ་དང་ཁྲལ་མིན་ཡོང་འབབ་སྒོར་ཁྲི་3244.49 གྲུབ་ཡོད། ཐེབས་རྩའི་སྔོན་རྩིས་ཡོང་འབབ་སྒོར་ཁྲི219.77གྲུབ་ཡོད་པས།ན་ལོའི་དུས་མཉམ་ལས་བརྒྱ་ཆ294.63འཕར་བ་དང་། དུས་ཚིགས་དང་པོར་ནོར་སྲིད་ཡོང་འབབ་ཐད་འགོ་ཡག་པོ་ཞིག་བརྩམས་ཡོད།
  • ལེ་ཚན་སྔོན་མ།:ད་ལོར་རང་ཁུལ་གྱི་དམངས་འཚོ་ལ་གློག་སྤྱད་རྒྱུ་དེ་ཆུ་ཚོད་རེར་སྟོང་ཝ་ཁྲི2.156ཐོག་བསླེབ་རྒྱུ།
  • ལེ་ཚན་རྗེས་མ།:རང་ཁུལ་འཕྲུལ་སྒུལ་འཁོར་རིགས་གཏོང་བའི་གསོ་སྦྱོང་ཐད་གཏན་འབེབས་གསར་པ་ཡོད།
  • དོ་སྣང་ཆེ་བའི་རྩོམ།