ཞི་ཅིན་ཕེན་མཁའ་དམག་ལས་ཁུངས་ལ་ཕེབས་ནས་མཁའ་དམག་འཛུགས་སྐྲུན་དང་མཁའ་དོན་འཐབ་རྩོད་གྲ་སྒྲིག་ཐད་ལ་རྟོག་ཞིབ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-04-16

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས14ཉིན་ཆེད་དུ་མཁའ་དམག་ལས་ཁུངས་ལ་ཕེབས་ཏེ་མཁའ་དམག་འཛུགས་སྐྲུན་དང་མཁའ་དོན་འཐབ་རྩོད་གྲ་སྒྲིག་ཐད་ལ་རྟོག་ཞིབ་མཛད་པར་མ་ཟད་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་མཁའ་དམག་གི་དཔོན་དམག་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད།ཁོང་གིས་ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དམིགས་འབེན་ལ་དམ་པོར་དམིགས་ཏེ།དམག་དཔུང་གསར་བརྗེ་ཅན་དང་དེང་རབས་ཅན།ཚད་ལྡན་ཅན་བཅས་སུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་།ཕར་རྒོལ་འགོག་སྲུང་མཉམ་ལྡན་གྱི་སྟོབས་དང་ལྡན་པའི་མི་དམངས་མཁའ་དམག་ཞིག་མྱུར་དུ་འཛུགས་སྐྲུན་བྱས་ནས།ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ལྡན་གྱི་ཕུགས་འདུན་མངོན་འགྱུར་བྱེད་པར་སྟོབས་དང་ལྡན་པའི་ནུས་ཤུགས་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་གསུངས།
ཉིན་དེའི་སྔ་དྲོའི་དུས་དགུ་དང་སྐར་མ་བཅོ་ལྔའི་སྟེང་ཞི་ཅིན་ཕེན་མཁའ་དམག་ལས་ཁུངས་ཀྱི་བཀོད་འདོམས་ཐོག་ཁང་དུ་ཕེབས་ཏེ་དམག་དཔུང་གིས་འཐབ་འཛིང་གྲ་སྒྲིག་ལས་རེས་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་མཛད།ཁོང་གིས་གསུངས་རྒྱུར།བཅོས་སྒྱུར་གསར་སྐྲུན་ལ་ཤུགས་སྣོན་དང་རྒྱལ་སྲུང་དང་དམག་དཔུང་གི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་།བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་ཟིན་གཅིག་སྡུད་བྱེད་དགོས་ལ།རང་རྟོགས་སྒོས་བཅོས་སྒྱུར་ལ་གོང་བཀུར་བྱེད་པ་དང་བཅོས་སྒྱུར་ལ་རྒྱབ་སྐྱོར་བྱེད་པ།བཅོས་སྒྱུར་ཁྲོད་དུ་ཞུགས་ནས་བློ་ཐག་རྦད་ཆོད་སྒོས་ཕྲག་ཏུ་བབས་པའི་བཅོས་སྒྱུར་གྱི་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས་པར་མ་ཟད།མཁའ་དམག་འཛུགས་སྐྲུན་དང་འཕེལ་རྒྱས་ཐད་ལ་སྒུལ་ཤུགས་གསར་བ་སྣོན་དགོས།རང་སྟེང་གི་དོན་དངོས་དང་འབྲེལ་ཏེ་བཅོས་སྒྱུར་དང་འབྲེལ་བ་ཡོད་པའི་གནད་དོན་ཞིབ་འཇུག་ལ་ཤུགས་སྣོན་པ་དང་།མཁའ་དམག་གི་སྟོབས་ཤུགས་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས་ལ།རྣམ་པ་གསར་བའི་འཐབ་འཛིང་སྟོབས་ཤུགས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཕར་རྒོལ་འགོག་སྲུང་མཉམ་ལྡན་གྱི་ཕྱོགས་སུ་མྱུར་དུ་སྒྱུར་དགོས་ཟེར།
ཞི་ཅིན་ཕེན་གྱིས་གསུངས་རྒྱུར།ཆབ་སྲིད་ཁག་ཐེག་ལ་ཤུགས་སྣོན་པ་དང་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམིགས་ནས།རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རིགས་གཞུང་མ་ལག་འཛུགས་སྐྲུན་བྱེད་པ་དང་།དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ཡིད་ལ་དམ་པོར་བཟུང་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བར་བྱས་རྗེས་འཇོག་དགོས་ཞེས་པ་བརྗོད་བྱ་གཙོ་བོ་ཡིན་པའི་སློབ་གསོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་དགོས་ལ།གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་འཐབ་འཛིང་སྙིང་སྟོབས་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་དང་།རིམ་པ་སོ་སོའི་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས།མཁའ་དམག་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་དགོས།ཏང་གིས་དམག་དཔུང་ལ་མགོ་ཁྲིད་པའི་རྩ་བའི་རྩ་དོན་དང་ལམ་ལུགས་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་དམག་དཔུང་གི་སློབ་གསོ་བྱ་བར་གཙིགས་འཛིན་བྱེད་དགོས་ལ།རྩ་འཛུགས་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ནས།དམག་དཔུང་གིས་བློ་ཐག་རྦད་ཆོད་སྒོས་དུས་ནམ་ཞིག་དང་གནས་ཚུལ་གང་རུང་གི་འོག་ཏུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་བཀོད་འདོམས་པ་ཉན་པ་འགན་སྲུང་བྱེད་དགོས་ཟེར།  །
 
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས་ཀྱི་ལག་བསྟར་བྱེད་ཐབས་བཏོན་པ།
  • ལེ་ཚན་རྗེས་མ།:ཡུལ་ཤུལ་གྱི་དྭ་ཕྲུག་རྣམས་ཕ་ཡུལ་གཉིས་པར་དགའ་སྤྲོའི་ངང་འཚར་ལོངས་འབྱུང་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།