ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་ཚོགས་འདུ་འཚོགས།

སྐལ་ཐུབ་དང་མིག་དམར་གྱིས།        2014-02-27

 ཟླ་བ2པའི་ཚེས25ཉིན་གྱི་ཆུ་ཚོད9པའི་ཐོག་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་གྲ་སྒྲིག་ཚོགས་འདུ་འཚོགས་པ་རེད།
    གྲ་སྒྲིག་ཚོགས་འདུ་དེ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་རེན་ལི་ཁང་གིས་གཙོ་འགན་བཞེས་པ་རེད། ཁུལ་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཀྲི་མིང་དང་། ཧུའུ་ཏེ་མིང་། ལིའོ་ཚའེ་ཁུན། དབྱང་གོ་ཡོན། ཁྲེན་ཏེ་ཀུའེ།པེ་ཧྲུའུ་དབྱིན། དབྱང་དབྱི་ཁང་། དྲུང་ཡིག་ཆེན་པོ་བ་ཀྲེན་ཞན་ཧྥེང་བཅས་ཚོགས་འདུར་ཞུགས་ཤིང་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས།
    ཚོགས་འདུའི་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་རིམ་གྱི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་བ་དང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བ་འདེམས་བསྐོ་བྱས་ནས་བདམས་ཐོན་བྱུང་བ་རེད། 
  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལ
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའ
  • དོ་སྣང་ཆེ་བའི་རྩོམ།