ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

སྐལ་ཐུབ་དང་མིག་དམར་གྱིས།        2014-02-27

 ཟླ་བ2པའི་ཚེས25ཉིན་གྱི་སྔ་དྲོར། ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་རེད། ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་གྱི་ཚོགས་ཆེན་གཉིས་ལ་མཛུབ་སྟོན་དང་ལྟ་སྐུལ་སློབ་སྟོན་ཚོགས་པའི་ཚོགས་གཙོ་ལི་ཁྲུན་ཧྭ་ཚོགས་འདུར་ཞུགས་ཤིང་ཚོགས་འདུ་འཚོག་རྒྱུའི་བླང་བྱ་ཞིབ་ཕྲ་བཏོན་པ་རེད།
    ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་གྲུབ་མི44ཡོད་ཅིང་། ཚོགས་འདུར་ཞུགས་མཁན26ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
    གྲོས་ཚོགས་སུ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་བདམས་ཤིང་། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཚོ་ཁག་བགོ་བའི་མིང་ཐོ་འཆར་ཟིན་དང་གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་བཅད་པ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་གདམ་རྒྱུ་གཏན་འཁེལ་བྱས། འདེམས་བསྐོའི་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་པས་མ་ཚད་འཐུས་མི་ཚོགས་པ་སོ་སོར་གྲོས་བསྡུར་བྱ་རྒྱུར་སྤྲད་པ་རེད། གྲོས་གཞིའི་ཆོད་དོན་འཆར་ཟིན་སྐོར་བརྡས་ཐག་བཅད་དེ་འཐུས་མིས་བཏོན་པའི་གྲོས་གཞིའི་དུས་ཚོད་མཚམས་བཅད་གཏན་འཁེལ་བྱས། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་རྗེས་འདེམས་འོས་མིའི་མིང་ཐོ་འཆར་ཟིན་བཅས་ལ་བརྡས་ཐག་བཅད་ཅིང་། ཀྲུའུ་ཞི་ཚོགས་པས་མིང་ཐོ་འདོན་པའི་ཐོག་ནས་འཐུས་མི་ཚོགས་པ་ཁག་གིས་གྲོས་མོལ་བྱ་རྒྱུར་སྤྲད་པ་རེད། 
  • ལེ་ཚན་སྔོན་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པས་ཀྲུའུ་ཞི་ཚོགས་པའི་གྲོས་ཚོག
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལ
  • དོ་སྣང་ཆེ་བའི་རྩོམ།