ཡེ་ཤེས་ཟླ་བས་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་བསྡུར་ནང་ཞུགས་སྐབས་གསུངས་དོན།

ལྷ་འཛོམས་ཀྱིས།        2014-02-27

ཡེ་ཤེས་ཟླ་བས་ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་བསྡུར་ནང་ཞུགས་སྐབས་གསུ

ཟླ་བ2པའི་ཚེས24ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཡེ་ཤེས་ཟླ་བ་སྔོན་རྗེས་སུ་སྐབས་བཅུ་གཉིས་པའི་ཁུལ་སྲིད་གྲོས་ཀྱི་གྲོས་ཚོགས་ཐེངས་གསུམ་པའི་དཔལ་འབྱོར་དང་བཟོ་ཚོང་གྲོས་བསྡུར་ཚོ་ཆུང་དང་ཚན་རྩལ་དང་ཚན་རིག་མཐུན་ཚོགས།ཞིང་ལས་བཅས་ཀྱི་གྲོས་བསྡུར་ཚོ་ཆུང་ནང་བཞུགས་ཤིང་ཨུ་ཡོན་ཚོའི་བསམ་འཆར་དང་གྲོས་གཞི་གསན་འཇོག་གནང་བ་རེད།
    དཔལ་འབྱོར་དང་བཟོ་ཚོང་གྲོས་བསྡུར་ཚོ་ཆུང་ནང་ཞུགས་སྐབས་ཡེ་ཤེས་ཟླ་བས་བསྟན་དོན།རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྐུལ་སྤེལ་གཏོང་མཁན་ཡིན་ལ།བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁེ་ཕན་ཐོབ་མཁན་ཡང་ཡིན་ཞིང་།འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་སྐྲུན་བྱེད་མཁན་ཡིན་ལ།འཕེལ་རྒྱས་ཀྱི་གྲུབ་འབྲས་ལོངས་སུ་སྤྱོད་མཁན་ཡང་ཡིན་ནོ།རང་ཁུལ་གྱི་དམངས་གཉེར་ཁེ་ལས་པ་ཚོས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དུ་དགེ་མཚན་ལྡན་པའི་བྱས་རྗེས་འབུལ་དགོས།མུ་མཐུད་ནས་ཡང་འབད་བསྐྱར་འབད་བྱས་ནས་ཟམ་མི་ཆད་པར་འཕེལ་རྒྱས་སྟོབས་ཆེ་རུ་གཏོང་ཤིང་།མ་སྐུལ་དང་བླངས་དང་རང་རྟོགས་ཀྱིས་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དོན་ཆེན་ནང་ཞུགས་དགོས།ཨུ་ཡོན་ཚོས་འདོན་པའི་གྲོས་གཞི་དང་བསམ་འཆར་ནི་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སྐབས་ཀྱི་དཀའ་གནད་དང་དོ་སྣང་བྱེད་སའི་གནད་དོན་ལ་དམིགས་ནས་འདོན་ཡོད།བསམ་འཆར་དང་གྲོས་གཞི་དེ་དག་ནི་སྲིད་གཞུང་ལས་ཀའི་གཙོ་གནད་ཡིན།
    ཡེ་ཤེས་ཟླ་བས་རང་ཁུལ་གྱི་ཞིང་སྡེ་ལས་ཀ་དེ་བཅོས་བསྒྱུར་གྱི་སྙིང་སྟོབས་ཀྱིས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་ཆེན་པོ་བཞིའི་ལྟེ་གནས་འཛིན་ནས་ཞིང་ལས་སྐོར་གྱི་གནད་དོན་གསུམ་གྱི་ལས་ཀ་ཇེ་ཟབ་ཏུ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཀྱི་སྙིང་དོན་ཟབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཞིང་འབྲོག་དམངས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རྒྱུས་གཙོ་བོ་བྱས་ནས་སྔར་ལྷག་གིས་ཞིང་སྡེའི་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་བ་དང་།དེང་རབས་ཅན་གྱི་ཞིང་འབྲོག་ཐོན་ལས་མ་ལག་མགྱོ གས་སུ་འཛུགས་སྐྱོང་བྱས་ནས་ཞིང་སྡེའི་འཕེལ་རྒྱས་ཀྱི་གསོན་ཤུགས་སློང་དགོས་ཞེས་གསུངས།
  • ལེ་ཚན་སྔོན་མ།:ལི་ཁང་གིས་སྲིད་གཞུང་ལས་དོན་གྱི་སྙན་ཞུ་སྐོར་གྲོས་བསྡུར་བྱེད་སྐབས་གསུངས་དོན།
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་ཆོས་ལུགས་ལས་རིགས་ཚོ་ཆུང་གིས་གྲོས་བསྡུར་བྱེད་སའི་ནང་ཞུགས་སྐབས་གསུངས་དོན།
  • དོ་སྣང་ཆེ་བའི་རྩོམ།