གུང་རྗེ་མེ་སྟག་མཚལ་བུ།

        2010-12-09

ནུབ་སྟག་གཟིག་རྒྱལ་པོའི་བྱང་ཁྲི་སྡེ་ལྔའི་དཔོན་པོ་ཀླུ་ཕྲུག་ནེ་ལེ་ཐོད་དཀར་གླིང་གིས་བསད་རྗེས་བྱང་སྒོ་སྲུང་བའི་དམག་དཔོན་དུ་བསྐོས།ཁོའི་ཕ་ནི་བཙན་ལ་མ་ནི་བདུད་ཡིན་པས་མེ་སྟག་མཚལ་ལུ་ཟེར་བའི་མིང་དེ་ནས་ཐོགས།སྟག་ལིང་གཡུལ་འཁྲུག་བྱུང་སྐབས་ནུབ་སྟག་གཟིག་རྒྱལ་པོའི་བཀའ་བཀོད་ལྟར་ཁོ་དང་ཁྲི་སྡེ་རྒོད་པོ་གཉིས་ཀྱིས་དམག་དཔོན་བཙན་ལྷ་རྡོ་རྗེ་ལ་དཔུང་རོགས་བྱས།འཇིགས་རུང་གཡུལ་འཁྲུག་ནང་དུ་ཁོང་གླིང་བློན་ངར་རྒོད་གསེར་ཚ་དཔུང་རིང་བཀྲོངས།ཕྱིས་སུ་སྔ་ཐོག་རུས་སྦལ་སྨུད་ཐང་དུ་ཤན་པ་མེ་རུ་རྩེ་དང་གདོང་ཐུག་ནས་ཤན་པས་གདུང་མོ་ལྕགས་རྩེ་རྣོན་པོའི་ངར་ལ་དྲངས་ནས་བསད་དོ།།
  • ལེ་ཚན་སྔོན་མ།:ཝེར་མ་ལྷ་དར།
  • ལེ་ཚན་རྗེས་མ།:རྒྱལ་ཡུམ་སེང་ལྕམ་འབྲུག་མོའི་ཞལ་ཐང་།