ལི་ཐང་རྫོང་གིས་དབང་པོ་སྐྱོན་ཅན་ལ་གཅེས་སེམས་བཅངས།

ཀུན་དགས་བསྒྱུར།        2014-01-16

  གཅེས་སེམས་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་རིང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་དོན་འཁྱོལ་མཐར་ཕྱིན་དང་།“སེམས་པ་བཟང་པོ་འཛིན་ནས་ཕན་ཚུན་རོགས་རམ”བྱེད་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་གཏོང་ཆེད། ཉེ་ཆར། ལི་ཐང་རྫོང་མང་ཚོགས་ལས་ཀའི་གཞུང་ལས་ཁང་གིས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
    རྫོང་དེས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ24ཡི་དམངས་སྲིད་ལས་རོགས་ལ་གཞི་གྲངས་ཀྱི་མཛོད་འཛུགས་པའི་ལས་དོན་སྐོར་གྱི་གསོ་སྐྱོང་སྦྱོང་བརྡར་བྱས་པ་དང་།རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་སྒྲུབ་མི་སྣས་ཤང་དང་གྲོང་རྡལ་སོ་སོས་དབང་པོ་སྐྱོན་ཅན་གྱི་གཞི་གྲངས་ཀྱི་མཛོད་འཛུགས་པར་ཁྲིད་སྟོན་བྱས་ཏེ་མངའ་ཁོངས་སུ་ཡོད་པའི་དབང་པོ་སྐྱོན་ཅན་མི་སྣ7200ཡི་གཞི་རྩའི་གནས་ཚུལ་བཀོད་པའི་ཡིག་ཚགས་བཟོས་པ་དང་དོ་དམ་བྱ་རྒྱུ་བྱས་པས་མ་ཚད།དབང་པོ་སྐྱོན་ཅན་ཁྱིམ་ཚང་གི་ཉེན་ཁང་བསྒྱུར་བཀོད་ཀྱང་བྱས་པ་རེད། དབང་པོ་སྐྱོན་ཅན6ནང་མི་རེར་ཁྱིམ་སྐྱོར་མ་དངུལ་སྒོར600སྤྲད་པ་རེད།ན་ལོའི་ཟླ་བ6པར་དབང་པོ་སྐྱོན་ཅན10ཡི་རྣ་བར་ཉན་ཕན་ཡོ་བྱད་སྤྲས་པ་དང་དབང་པོ་སྐྱོན་ཅན3ལ་རྐུབ་སྟེགས་འཁོར་ལོ་ཅན་ལ་སོགས་པ་ཡོ་བྱད་སྤྲད་ཡོད། དབང་རྩ་ཉམས་པའི་བྱིས་པ30ལ་སྨན་བཅོས་བྱས་ཡོད།
    དབང་པོ་སྐྱོན་ཅན་རྣམས་གང་ལ་གང་འཚམས་ཀྱི་ལས་ཞུགས་ཐུབ་པ་དང་རང་སྟོབས་རང་སྤེལ་གྱིས་ཕྱུག་འགྱུར་ཡོང་བ་བྱེད་ཆེད། རྫོང་དེའི་གཅེས་སེམས་གཞུང་ལས་ཁང་དང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་གྱིས་དབང་པོ་སྐྱོན་ཅན་ལ་དབྱར་རྩྭ་དགུན་འབུ་རྐོ་སྟངས་ཐད་གསོ་སྐྱོང་སྦྱོང་བརྡར་བྱས་པ་རེད། དབྱར་རྩྭ་དགུན་འབུ་རྐོ་བའི་ནུས་པ་ལྡན་པའི་དབང་པོ་སྐྱོན་ཅན60ལ་མུ་མཐུད་གསོ་སྐྱོང་སྦྱོང་བརྡར་བྱས་ཏེ་དབང་པོ་སྐྱོན་ཅན་མི་རེའི་ཆ་སྙོམས་ཡོང་འབབ་སྒོར2000ལ་སླེབས་པས་2012་ལོའི་དུས་མཉམ་ལས་བརྒྱ་ཆ30འཕར་བ་རེད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར36.01མངོན་འགྱུར་བྱུང་ཡོད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་ད་ལོའི་འཕེལ་རྒྱས་ཀྱི་དམིགས་ཡུལ་གཏན་འཁེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།