ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོས་གཞི་ཡི་གེ་བཀྲམ་སྟེ་བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་བཏང་།

ཀུན་དགས་བསྒྱུར།        2014-01-15

  ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《བུ་བཙའི་སྲིད་ཇུས་ལེགས་སྒྲིག་འཐུས་ཚང་གཏོང་རྒྱུའི་སྐོར་གྱི་གྲོས་གཞི་》དཔར་འགྲེམ་བྱས་པ་རེད།
    གྲོས་གཞི་ཡི་གེའི་ཐོག་གསལ་པོ་བཏོན་པར། བུ་བཙའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་གཏོང་བའི་གཞི་རྩའི་རྩ་དོན་གཅིག་ནི་སྤྱི་ཁོག་བརྟན་པོ་བྱས་ཏེ་སྲིད་ཇུས་ལག་བསྟར་བྱེད་རིམ་གྱི་ཉེན་ཁ་ཚོད་འཛིན་ཐུབ་པ་འགན་སྲུང་བྱེད་དགོས་པ་དང་། བུ་བཙའི་ཆུ་ཚད་ལ་འཕག་ཆག་ཆེན་པོ་མི་བྱུང་བ་འགན་སྲུང་བྱེད་དགོས། གཉིས་ནི་གྲོང་ཁྱེར་དང་གྲོང་གསེབ་གཅིག་འགྱུར་འཆར་འགོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་བུ་བཙའི་སྲིད་ཇུས་མཉམ་པོར་ལེགས་སྒྲིག་དང་འཐུས་ཚང་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་ཅན་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་རིགས་བགོས་ཏེ་མཛུབ་སྟོན་བྱེད་དགོས། རྒྱལ་ཁབ་ཀྱིས་གཅིག་འགྱུར་མཛུབ་སྟོན་བྱས་འོག་ས་གནས་སོ་སོས་དངོས་ཡོད་གནས་ཚུལ་དང་བསྟུན་ནས་ལས་ཀར་བཀོད་སྒྲིག་བྱེད་དགོས། བཞི་ནི་མཐུན་སྦྱོར་ངང་གོང་དུ་འཕེལ་བ་བྱས་ཏེ་གཅིག་འགྱུར་འཆར་འགོད་ཀྱི་མི་འབོར་གྱི་གྲངས་ཚད་དང་བྱང་ཚད། གྲུབ་ཚུལ། ཁྱབ་སྟངས་ཀྱི་དོ་སྙོམས་འཕེལ་རྒྱས་ཡོང་བར་གཅིག་འགྱུར་འཆར་འགོད་བྱེད་དགོས། མི་འབོར་དང་དཔལ་འབྱོར། སྤྱི་ཚོགས། ཐོན་ཁུངས། ཁོར་ཡུག་བཅས་མཐུན་སྦྱོར་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་གཅིག་གྱུར་བཀོད་སྒྲིག་བྱེད་དགོས།
    བུ་བཙའི་སྲིད་ཇུས་ལེགས་སྒྲིག་བྱེད་པའི་བྱེད་ཐབས་དང་གོ་རིམ་ནི་མི་འབོར་དང་འཆར་ལྡན་བུ་བཙའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པར་གཞི་བཟུང་ནས་ཞིང་ཆེན་དང་(རང་སྐྱོང་ལྗོངས། གྲོང་ཁྱེར། )སོ་སོའི་མི་དམངས་སྲིད་གཞུང་གིས་ཁྱོན་ཡོངས་ནས་ས་གནས་དེ་གའི་མི་འབོར་གྱི་གནས་བབ་དང་། འཆར་ལྡན་བུ་བཙའི་ལས་ཀའི་རྨང་གཞི་དང་སྲིད་ཇུས་ལག་ལེན་བསྟར་བའི་ཉེན་ཁར་ཚོད་དཔག་བྱས་པའི་གནས་ཚུལ་འོག ཁྱོ་ཤུག་གཉིས་བུ་ཕྲུག་གཅིག་རྐྱང་ཡོད་ཕྱིན་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་འཆར་གཞི་གཏན་འབེབས་བྱས་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་གཉེར་སྡེ་ཁག་གིས་ཐོ་འགོད་སྙན་སེང་བྱེད་པར་ཞུས་པ། ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་དང་ཡང་ན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དག་བཅོས་དང་ཡང་ན་གཏན་འབེབས་བྱས་ཏེ་བཅའ་ཁྲིམས་ལྟར་ལག་ལེན་བསྟར་བར་སྒྲིག་འཛུགས་བྱེད་དགོས།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་གནག་ཕྱུགས་ཐོན་ལས་ཅན་དུ་གསར་སྦོལ་བྱེད་ཤུགས་ཆེ་རུ་བཏང་།
  • ལེ་ཚན་རྗེས་མ།:ཀྲང་ཏི་ཅང་གིས་པུར་ཀ་རི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།