རང་ཁུལ་དམངས་ཁྲོད་ཀྱིས་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར57.68ལ་སླེབས་པ།

        2014-01-15

  ཁུལ་བསྡོམས་རྩིས་ཅུས་ཀྱི་འབྲེས་ཡོད་ཚན་ཁག་གིས་སྡོམ་བརྩི་བྱས་པར་གཞིགས་ན། ན་ལོའི་ཟླ་བ་དང་པོ་ནས་9པའི་བར། ཁུལ་ཡོངས་ཀྱི་རྒྱལ་དབང་དཔལ་འབྱོར་ཐད་མ་དངུལ་སྒོར་དུང་ཕྱུར236.29བཏང་ཡོད་པས་ 2012ལོའི་དུས་མཉམ་ལས་བརྒྱ་ཆ་24.2འཕར་བ་དེ་གཏན་འཇགས་རྒྱུ་ནོར་གྱི་བསྡུར་ཚད་ཀྱི་བརྒྱ་ཆ་80.3ཟིན་ཡོད། ཞང་ཀང་དང་ཨའོ་མོན།ཐའེ་ཝན་བཅས་ཀྱི་ཚོང་པས་མ་དངུལ་སྒོར་དུང་ཕྱུར་0.39གཏོང་འཇོག་བྱས་ཡོད་པས། 2012ལོའི་དུས་མཉམ་ལས་བརྒྱ་ཆ་81.7མར་ཆགས་པ་དེ་གཏན་འཇགས་རྒྱུ་ནོར་བསྡུར་ཚད་ཀྱི་བརྒྱ་ཆ་0.1ཟིན་ཡོད། དམངས་ཁྲོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་57.68གཏོང་འཇོག་བྱས་ནས་2012ལོའི་དུས་མཉམ་ལས་བརྒྱ་ཆ་27.0འཕར་བ་དེ་གཏན་འཇགས་རྒྱུ་ནོར་བསྡུར་ཚད་ཀྱི་བརྒྱ་ཆ་19.6ཟིན་ཡོད། དམངས་ཁྲོད་ཀྱི་མ་དངུལ་འཇོག་ཡུལ་གཙོ་བོ་གཏེར་ལས་སྔོག་འདོན་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར་4.37གཏོང་ཡོད། བཟོ་སྐྲུན་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར་2.93གཏོང་ཡོད། ནུས་ཁུངས་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར་34.01གཏོང་ཡོད། ས་ཁང་བདག་ཁང་ཐད་མ་དངུལ་སྒོར་དུང་ཕྱུར་6.29གཏོང་ཡོད། སྡོད་ཁང་ལས་རིགས་ཐད་མ་དངུལ་སྒོར་དུང་ཕྱུར་8.61གཏོང་ཡོད།
  • ལེ་ཚན་སྔོན་མ།:རང་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་གཙོ་བོའི་ཐོན་ཚད་ཕྱོགས་ཡོངས་ནས་འཕར་སྣོན་བྱུང་ཡོད།
  • ལེ་ཚན་རྗེས་མ།:ལུའུ་ཀྲུའོ་སྨན་བཅོས་ཆེད་རམས་པས་འདབ་པ་དང་ཕྱག་ཕྲེང་ལ་ཕྱིན་ཏེ་འོས་འགན་སྨན་བཅོས་བྱས།
  • དོ་སྣང་ཆེ་བའི་རྩོམ།