བདེ་ཆེན་ཁུལ་གྱིས་གཞུང་འཛུགས་སྨན་ཁང་གི་བཅོས་བསྒྱུར་མགྱོགས་སུ་བཏང་བ།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2014-01-15

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  2013ལོར། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་གཞུང་འཛུགས་སྨན་ཁང་གི་སྤྱི་ཡོངས་ཀྱི་ཞབས་ཞུའི་ནུས་པ་མུ་མཐུད་དུ་མཐོ་རུ་འཕར་ཞིང་། གཞུང་འཛུགས་སྨན་ཁང་བཅོས་བསྒྱུར་གྱི་ཚོད་ལྟ་ལས་ཀ་ཡང་མུ་མཐུད་ངང་གཏིང་ཟབ་ཏུ་བཏང་།
ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་29དང་གྲོང་སྡེའི་འཕྲོད་བསྟེན་ཁང་163ཚང་མས་གཞི་རྩའི་སྨན་རྫས་བཀོད་སྒྲིག་དང་བེད་སྤྱོད་གཏོང་ཞིང་། སྨན་རྫས་ཁེ་སྤོགས་མེད་པའི་ངང་འཚོང་བ། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་སྨན་རྫས་གཅིག་བསྡུས་ངང་དྲ་ཐོག་ནས་ཉོ་བ་དང་གཅིག་བསྡུས་ངང་འགྲེམ་གཏོང་བྱས་པ་རེད།
ཧུར་ཐག་ངང་གཞུང་འཛུགས་སྨན་ཁང་གི་ཚོད་ལྟ་བཅོས་བསྒྱུར་ལ་སྐུལ་སྤེལ་བཏང་བ། བདེ་ཆེན་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་ནི་ཁུལ་རིམ་པའི་ཚོད་ལྟ་ས་ཚིགས་ཡིན་ལ། སྤུས་ལེགས་ཀྱི་ནད་གཡོག་རྒྱུག་པར་བརྟེན་ནས་ཞིབ་བཤེར་རྩིས་ལེན་ཐོབ་པ། འཇོལ་རྫོང་སྨན་ཁང་ནི་ཞིང་ཆེན་རིམ་པའི་ཚོད་ལྟ་ས་ཚིགས་ཡིན་ལ། 《གཞུང་འཛུགས་སྨན་ཁང་བཅོས་བསྒྱུར་གྱི་ཁ་གསབ་སྒྲིག་གཞིའི་ལག་བསྟར་བསམ་འཆར》གཏན་འབེབས་བྱས་ཏེ་སྲིད་གཞུང་གི་སྲིད་ཇུས་ཁ་གསབ་བརྩོན་ལེན་བྱས། འཇོལ་རྫོང་སྨན་ཁང་གིས་གཞི་རྩའི་སྨན་རྫས་བེད་སྤྱོད་བྱས་ཚད52%ཟིན་ཡོད།
ཧུར་ཐག་གིས་རིམ་པ་ལྡན་པའི་སྨན་ཁང་གི་དཔྱད་བསྡུར་ལས་ཀ་བསྒྲུབས་པ། བདེ་ཆེན་སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་དང་། ཁུལ་བོད་ལུགས་སྨན་ཁང་། འབའ་ལུང་རྫོང་མི་དམངས་སྨན་ཁང་། འཇོལ་རྫོང་མི་དམངས་སྨན་ཁང་སོགས་ཀྱིས་སྨན་ཁང་གི་རིམ་པ་ལ་གཞིགས་ཏེ་ཆེད་ལས་མཁས་པ་བདམས་མངག་བྱས་ནས་ཕྱིར་སློབ་སྦྱོང་བྱས་པ། རིམ་པ་ལྡན་པའི་སྨན་ཁང་དཔྱད་བསྡུར་བྱེད་པའི་འབྲེལ་ཡོད་བླང་བྱ་ལ་གཞིགས་ནས་སྐུལ་སློང་གྲོས་ཚོགས་འཚོགས་པ་རེད།  ། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ལ་ཞིང་ཆེན་རིམ་པའི་ཞིང་ནགས་ཆེད་ལས་མཉམ་ལས་དཔེ་སྟོན་ཧྲི་5གསར་དུ་བསྣན་པ།
  • ལེ་ཚན་རྗེས་མ།:ད་ལོར་བདེ་ཆེན་ཁུལ་གྱིས་ནགས་ཚལ་དཔལ་འབྱོར་གྱི་འཆར་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།