2013ལོར་བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར25.5དངོས་འབེབས་བྱས།

    བོད་ལྗོངས་གསར་འགྱུར་དྲ་བ།    2014-01-10

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། 2013ལོར། བོད་ལྗོངས་ཀྱི་ཞིང་སྡེའི་གཞུང་ལམ་དྲ་བ་ལྗོངས་ཡོངས་ཀྱི་གྲོང་རྡལ་ཡོངས་རྫོགས་དང94%ཡན་གྱི་སྲིད་འཛིན་སྡེ་བར་ཁྱབ་པར་བྱས་པས། ལྗོངས་ཡོངས་ཀྱི་ཞིང་སྡེའི་གཞུང་ལམ་གཏོང་ཚད་མཐོར་འདེགས་བྱུང་། དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱིས་བསྡོམས་པས་གླ་བདེ་སྡོད་ཁང་དང་། སྤྱི་བའི་བོགས་གཏོང་སྡོད་ཁང་། འཁོར་རྒྱུག་སྡོད་ཁང་གི་འཛུགས་སྐྲུན་མ་དངུལ་སྒོར་དུང་ཕྱུར37.1དངོས་འབེབས་བྱས། ལྗོངས་ཡོངས་སུ་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་བཟོ་བཅོས་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2.2དངོས་འབེབས་བྱས་ཤིང་། ལྗོངས་ཡོངས་སུ་གྲོང་རྡལ་གྱི་ཡོང་སྒོ་དམའ་བའི་ཁྱིམ་ཚང་གི་གླ་བདེ་སྡོད་ཁང་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར3.2དངོས་འབེབས་བྱས། བོད་ལྗོངས་ཀྱིས་རོང་འབྲོག་པའི་བདེ་སྡོད་ལས་གཞི་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར25.5དངོས་འབེབས་བྱས། དེ་མིན་རོང་འབྲོག་པ་མི་ཁྲི23.1ལྷག་གི་འཐུང་ཆུའི་བདེ་འཇགས་གནད་དོན་ཐག་གཅོད་བྱས། སྲིད་འཛིན་གྲོང་ཚོ1000གི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཟོ་བཅོས་བྱེད་པའི་ལས་གཞི་ཡོངས་རྫོགས་ལས་འགོ་ཚུགས། དབུལ་སྐྱོར་རྣམ་གྲངས872ལག་བསྟར་བྱས་ཤིང་། མཐའ་མཚམས་རྫོང་གི་མང་ཚོགས་ཕྱུག་སྒྱུར་བྱེད་པའི་རྣམ་གྲངས456རྒྱབ་སྐྱོར་བྱས་པ་ལས་དབུང་ཕོངས་ཁྱིམ་ཚང7.6ལ་ཐད་ཀར་དུ་ཕན་ཁེ་ཐོབ་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྱི་ཁྲིམས་འཛུགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
  • ལེ་ཚན་རྗེས་མ།:ལྷ་ས་གྲོང་ཁྱེར་གྱིས2015ལོའི་ལོ་མཇུག་བར་གཞུང་གཉེར་བྱིས་གཉོར་ཁང31གསར་དུ་འཛུགས་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།