མི་ནུབ་དར་རྫོང་།

        2010-12-09

མི་ནུབ་རྒྱལ་ཁབ་ལ་རྒྱལ་མོ་ཆེ་ཆུང་གཉིས་ཡོད།རྒྱལ་མོ་ཆེ་བས་མི་ནུབ་བར་མ་དང་མི་ནུབ་སྨད་མར་དབང་བསྒྱུར་བ་དང་རྒྱལ་མོ་ཆུང་བས་མི་ནུབ་གོང་མར་དབང་བསྒྱུར་ཡོད།གླིང་གིས་སྦེ་ར་ལུག་རྫོང་དབང་དུ་བསྡུས་རྗེས་སུ།རྒྱལ་མོ་ཆེ་བ་དར་ལི་སྒྲོན་གྱིས་སྦེ་རའི་ཆེད་དུ་གླིང་ལ་འཁོན་ལན་སློག་རྒྱུའི་གྲ་སྒྲིག་བྱས།རྒྱལ་མོ་ཆུང་བ་ལྷ་ཀླུ་སྒྲོན་གྱིས་གླིང་ལ་མཐུན་སྒྲིལ་བྱེད་རྒྱུའི་གྲ་སྒྲིག་བྱས།དེ་ནས་ནང་འཛིང་བྱུང་།རྒྱལ་མོ་ཆེ་བ་དེ་མི་ནུབ་སྟོད་ལ་བྲོས།རྒྱལ་མོ་ཆུང་བས་གེ་སར་རྒྱལ་པོར་གཡུལ་འཁྲུག་རྒྱག་རོགས་ཞུས།གེ་སར་རྒྱལ་པོ་དངོས་སུ་མི་ནུབ་གོང་མར་བྱོན་ནས་གཡུལ་འཁྲུག་བརྒྱབ་ཏེ་རྒྱལ་མོ་ཆེ་བ་དེ་བསྒྲལ།མི་ནུབ་རྒྱལ་ཁམས་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་བཅུག་པ་རེད་སྒྲུང་ཡིག་འདི་ལ་ཚིགས་ལྷུགས་མ་བརྩིས་ན་ཚིགས་བཅད༧༢༤༨ཡོད།
  • ལེ་ཚན་སྔོན་མ།:སྟག་གཟིག་ནོར་འགྱེད།
  • ལེ་ཚན་རྗེས་མ།:མུ་གུའི་དྲེལ་རྫོང་།