བདེ་སྐྱིད་སྒྲོལ་མ།

        2013-12-27

བདེ་སྐྱིད་སྒྲོལ་མ་ལགས་ནི།1967ལོར་མཚོ་སྔོན་རྨ་ལྷོ་སོག་རྫོང་དུ་སྐྱེས་ཤིང་།1990ལོའི་ཟླ་6པར་ནུབ་བྱང་མི་རིགས་སློབ་གླིང་བོད་ཡིག་སྡེ་ཁག་ནས་མཐར་ཕྱིན་རྗེས་རང་ཡུལ་དུ་ལོག་ནས།སྔ་ཕྱིར་སློབ་འབྲིང་དགེ་རྒན་དང་།སྲིད་འཛིན་ལོ་ཙཱ་བ་སོགས་ཀྱི་ལས་ཀ་གཉེར་མྱོང་།སློབ་འབྲིང་སློབ་མའི་དུས་ནས་སྙན་ངག་སྤེལ་འགོ་བརྩམས།ད་ལྟའི་བར་སྙན་ངག་ཉིས་བརྒྱ་ལྷག་དང་།སྒྲུང་གཏམ།ལྷུག་རྩོམ་སོགས་སྤེལ་ཡོད་ཅིང་།བུད་མེད་རྩོམ་པ་པོ་ལས་གྲུབ་འབྲས་དང་བག་ཆགས་ཆེ་ཙམ་ཡོད་པ་ཞིག་རེད།ཁོ་མོའི་སྙན་ངག་སྐོར་ཞིག་ཧྥ་རན་སི་དང་འཇར་མན་གྱི་ཡི་གེར་ཡང་བསྒྱུར་ཡོད།
  • ལེ་ཚན་སྔོན་མ།:སྟག་འབུམ་རྒྱལ།
  • ལེ་ཚན་རྗེས་མ།:རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ།