ཉིན་རེའི་ལྟོ་དུས་གསུམ་པོ་ཡག་པོ་བཟའ་དགོས།

        2010-04-28

མིའི་ལུས་པོར་མཁོ་བའི་འཚོ་བཅུད་ཚང་མ་བཟའ་བཅའི་ནང་ནས་བསྡུ་ལེན་བྱེད་དགོས་པ་ཞིག་ཡིན།བཟའ་བཅའ་ཇི་ལྟར་སྤྱད་ན་གཟུགས་པོ་ཐང་པོ་ཡོང་བར་ཕན་ནུས་ཆེའམ་ཞེ་ན།ཞོགས་ཟས་སྤུས་དག་པོ་བཟའ་དགོས་པ་དང་།དགུང་ཟས་རྒྱགས་ཚད་བཟའ་དགོས་པ།དགོང་མོ་ཉུང་ཙམ་བཟའ་དགོས་པ་བཅས་ལོ་ཆུང་བྱིས་པ་རྣམས་ཀྱི་བློར་བརྟན་པོ་ངེས་དགོས།
ཞོགས་པ་ལངས་སྐབས་ཁོག་པ་སྟོང་པ་ཡིན་སྟབས་སྐབས་དེར་འཚོ་བཅུད་ལེགས་པའི་བཟའ་བཅའ་བཟས་ན་བཅུད་ཁ་སྣོན་ཡོང་བ་དང་།དགུང་ཟས་རྒྱགས་ཚད་བཟས་ན་སྔ་དྲོའི་རིང་གི་ཟད་ནུས་ཁ་གསབ་ཐུབ་པའི་ཁར།ཕྱི་དྲོའི་རིང་གི་ལུས་པོའི་འཚོ་བཅུད་ཀྱང་འགན་ལེན་ཐུབ་པ་ཡིན།དགོང་ཟས་བཟས་རྗེས་ཡུད་ཙམ་ནས་གཉིད་ཉལ་རན་པར་བརྟེན་གལ་ཏེ་བཟས་དྲགས་ན་འཇུ་དཀའ་བ་མ་ཟད།གཉིད་ཀྱང་ལེགས་པར་ཁུག་མི་ཐུབ།
  • ལེ་ཚན་སྔོན་མ།:དབང་པོ་ལྔའི་འགྱུར་ལྡོག་དང་བདེ་ཐང་དབར།
  • ལེ་ཚན་རྗེས་མ།:མཛུབ་གུ་འགུལ་མང་ན་ཕན་ཐོགས་ཅི་ཡོད།
  • དོ་སྣང་ཆེ་བའི་རྩོམ།