ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།

སྐལ་ཐུབ་དང་མིག་དམར་གྱིས་གནས་ཚུལ་བཀོད་ཅིང་པར་བླངས།        2014-02-25

ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས།

ཧུའུ་ཁྲང་ཧྲེང་ཚོགས་ཆེན་ལ་ཞུགས་པ་དང་། ལི་ཁང་གིས་གཙོ་འགན་བཞེས་ཤིང་།  ཡེ་ཤེས་ཟླ་བས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས།
ཟླ་བ2པའི་ཚེས25ཉིན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་དར་མདོར་འཚོགས་པ་རེད།
ཚོགས་ཆེན་ལ་ཡོང་དགོས་པའི་འཐུས་མི286ཡོད་པ་དང་།  དངོས་སུ་འབྱོར་བའི་འཐུས་མི245ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧུའུ་ཁྲང་ཧྲེང་དང་།  ལི་ཁང་། ལིའུ་ཕིང་། བྱང་ཆུབ།  ཏོན་དབྱི་ཅུན། དབྱང་ཁེ།  ཝང་ཁྲུན།  ལི་ཀྲི་མིང་། ཧུའུ་ཏེ་མིང་།  ཝང་ཡུང་ཁང་། ཏེང་ལི་ཅུན། དཀོན་མཆོག ཝུའུ་ཆང་། ལིའུ་ཀྲི་ཏུང་། ཀྲུའུ་ཅུན། བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཤིང་ལི་ཁང་གིས་ཚོགས་ཆེན་གྱི་གཙོ་འགན་བཞེས་པ་རེད། 
 ཡེ་ཤེས་ཟླ་བས་ཁུལ་མི་དམངས་སྲིད་གཞུང་གིས་ཚབ་བྱས་ནས་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ་རེད། ཁོང་གིས2013ལོའི་ལས་ཀ་ལ་ཕྱིར་དྲན་ཞུ་བའི་ཚེ་གསུང་དོན། འདས་པའི་ལོ་གཅིག་གི་ནང་དུ་ང་ཚོས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འཕེལ་རྒྱས་མགྱོ གས་པོར་གཏོང་བ་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བ། མཆོང་བརྒལ་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལས་ཀའི་ནང་དོན་ཁོང་དུ་ཆུད་པར་བྱས་ཤིང་། ཤུགས་རྒྱག་ས་གནད་ལ་འཁེལ་ཞིང་གཙོ་གནད་འགག་བཤངས་བྱེད་པ་དང་། སྤྱི་ཁོག་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་དང་དམངས་འཚོ།  བརྟན་བརླིང་བཅས་ལས་དོན་ཆེན་པོ་གསུམ་དམ་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་དམའ་རིམ་ནས་གཏོར་བརྒལ་བྱེད་པའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བཏང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།  ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར201.22ཡོང་བས་བརྒྱ་ཆ12.1འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར406. 93བཏང་བས་བརྒྱ་ཆ24.7འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར22.12ཡོང་བས་བརྒྱ་ཆ19.1འཕར་ཡོད། སྤྱི་ཚོགས་འཛད་སྤྱོད་ཐོན་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར57.35ཡིན་པས་བརྒྱ་ཆ13.1འཕར་ཡོད།  གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སྤྱོད་ཆོག་པའི་ཡོང་འབབ་སྒོར21418ཡིན་པས་བརྒྱ་ཆ9.5འཕར་ཡོད།  ཞིང་འབྲོག་དམངས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར5435ཡིན་པས་བརྒྱ་ཆ17.9འཕར་ཡོད།
 འདས་པའི་ལོ་གཅིག་གི་ནང་དུ་ང་ཚོས་སྲ་བརྟན་འགྱུར་མེད་ཀྱིས་ཐོན་ལས་ཀྱིས་ཁུལ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པས་ཐོན་ལས་ཀྱི་ཆགས་ཚུལ་དེ་བས་འོས་འཚམས་ཡིན་ཞིང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་གསར་པའི་དཔལ་འབྱོར་དངོས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་ཕྱིན་ཡོད། ང་ཚོས་སྲ་བརྟན་འགྱུར་མེད་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་སྲིང་ངང་ལེགས་སུ་བཏང་ཞིང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཕེལ་རྒྱས་གཏོང་བའི་རྨང་གཞི་དེ་བས་སྲ་བརྟན་ཡོང་ཡོད།  ང་ཚོས་བློ་བརྟན་འགྱུར་གྱིས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་བྱས་ནས་མང་ཚོགས་ཀྱི་བདེ་སྐྱིད་ཡོང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་སྐྲུན་པར་གོང་བུ་འགྲིག་ཤུགས་ཧ་ཅང་ཆེ་རུ་ཕྱིན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་བརྟེན་ཁུལ་སྐྱོང་གི་འཐབ་ཇུས་ལག་ལེན་བསྟར་བ་དང་།  ཁྲིམས་བརྟེན་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་སྤོས་ནས་སྐྱེ་ཁམས་མཛེས་སྡུག་ལྡན་པ་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཕེལ་རྒྱས་ཡོང་བར་ཁོར་ཡུག་དེ་བས་བཟང་པོ་སྐྲུན་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བསམ་བློ་བཅིངས་འགྲོལ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བཅོས་བསྒྱུར་སྒོ་འབྱེད་ལ་གྲུབ་འབྲས་གསར་པ་ཐོབ་ཅིང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ཀྱི་དཀར་མཛེས་ཁུལ་འཕེལ་རྒྱས་གཏོང་རྒྱུའི་གསོན་ཤུགས་དེ་བས་མངོན་ཡོད། ང་ཚོས་སྲ་བརྟན་འགྱུར་མེད་ཀྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་རྒྱུན་སྲིང་ངང་ལེགས་སུ་བཏང་ཞིང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་པ་འཕེལ་རྒྱས་གཏོང་བའི་རྨང་གཞི་དེ་བས་སྲ་བརྟན་ཡོང་ཡོད།
 ཡེ་ཤེས་ཟླ་བས2014ལོའི་ལས་ཀའི་བཀོད་སྒྲིག་ཞུ་བའི་ཚེ་གསུང་དོན།  ང་ཚོས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས། ཁུལ་ཨུའི་སྐབས་བཅུ་པའི་ཨུ་ཡོན་ཚང་འཛོམས་(རྒྱས་འཛོམས) གྲོས་ཚོགས་ཐེངས་ལྔ་པའི་སྙིང་དོན་གྱིས་ཁྲིད་སྟོན་བྱེད་པ་དང་། ཁུལ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པ་བྱ་རྒྱུ་དེས་སྤྱི་འདོམས་བྱེད་པ། ཁྱབ་ཁོངས་ཡོངས་ཀྱི་ལྗོངས་རྒྱུ་གཅིག་གྱུར་འཆར་འགོད་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བ་དང་།     ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་འཕེལ་རྒྱས་མགྱོ གས་པོ་གཏོང་རྒྱུ། དཔལ་འབྱོར་དམའ་རིམ་ནས་གཏོར་བརྒལ་ཡོང་གང་ཐུབ་བྱེད་པའི་ལས་ཀའི་ནང་དོན་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་ལ་མཐོང་ཆེན་བྱེད་པ་དང་། རྨང་གཞི་སྲ་བརྟན་གཏོང་བ།  ཐོན་ལས་སྟོབས་ཆེ་རུ་གཏོང་བ།  དམངས་འཚོ་ལ་ཕན་ཐོགས་པ། བརྟན་བརླིང་འགན་སྲུང་བཅས་བྱས་ནས་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།  ཐོན་ལས་ཆགས་ཚུལ་ལེགས་སྒྲིག་བྱ་རྒྱུས་གཙོ་གནད་བྱེད་པ་དང་ཤུགས་ཆེན་པོས་ཐོན་ལས་ཀྱིས་འདེགས་སྐྱོར་བྱ་རྒྱུ་ཆེ་རུ་གཏང་དགོས། རྨང་གཞི་སྒྲིག་ཆས་ལེགས་བཅོས་བྱ་རྒྱུས་གཙོ་གནད་བྱས་ཏེ་འཕེལ་རྒྱས་གཏོང་བར་ཚོད་འཛིན་ཐེབས་པའི་འགལ་བ་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་འཚོ་ལས་གྲྭ་ལག་བསྟར་བྱ་རྒྱུས་གཙོ་གནད་བྱས་ཏེ་མང་ཚོགས་ལ་བདེ་སྐྱིད་འཚོལ་གང་ཐུབ་བྱེད་དགོས།
བཅོས་བསྒྱུར་སྒོ་ཕྱེ་ཟབ་ཏུ་སྤེལ་རྒྱུས་གཙོ་གནད་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཚོང་རའི་གསོན་ཤུགས་སྐུལ་སློང་བྱེད་དགོས། ཁྲིམས་སྐྱོང་ལ་བརྟེན་ནས་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུས་གཙོ་གནད་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས།
ཀྲུའུ་ཞིའི་སྟེགས་བུའི་ཐོག་ཀྲུའུ་ཞི་ཚོགས་པའི་གྲུབ་མི་ཕུད་ད་དུང་ཁུལ་མི་དམངས་སྲིད་གཞུང་དང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་། དཀར་མཛེས་ཡན་ལག་དམག་ཁུལ།  ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཞིང་ཆེན་གྱིས་མངགས་པའི་ཚོགས་ཆེན་གཉིས་ཀྱི་ལྟ་སྐུལ་སློབ་སྟོན་ཚོགས་པ་བཅས་ཀྱི་འགོ་ཁྲིད་བཞུགས་ཡོད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་ཞིང་ཆེན་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཁས། ཁུལ་ཨུའི་འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་རང་བཞིན་གྱི་ཐུན་མོང་ཚོགས་པའི་འགན་ཁུར་མི་སྣ།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་སྒྲུབ་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་མིན་པའི་ཁུལ་མི་དམངས་སྲིད་གཞུང་ལས་ཀའི་ལས་ཁུངས་ཀྱི་འགན་ཁུར་མི་སྣ། ཁུལ་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་འགོ་གཙོ་གཞོན་པ།  ཁུལ་མི་དམངས་སྲིད་གཞུང་གི་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ།  ཀྲུང་དབྱང་དང་ཞིང་ཆེན་གཙོ་གཉེར་བྱེད་པ་དང་ཞིང་ཆེན་དང་ཁུལ་གཉིས་ཀས་འགོ་ཁྲིད་བྱེད་པའི་དར་མདོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་མི་སྣ། རྫོང་སོ་སོའི་ཁྲིམས་ཁང་གི་འགོ་གཙོ་དང་ཞིབ་དཔྱོད་ཁང་གི་འགོ་གཙོ།  གྲོང་ཁྱེར་དང་ཁུལ་གྱི་ཁེ་ལས་ཆེ་གྲས་ཀྱི་འགན་ཁུར་མི་སྣ་བཅས་ཚོགས་ཆེན་ལ་ཟུར་བཞུགས་བྱས་པ་དང་།  ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་ཚོགས་པའི་སྲིད་གྲོས་ཨུ་ཡོན་གདན་ཞུ་ལྟར་ཚོགས་ཆེན་ལ་ཟུར་བཞུགས་བྱས་པ་རེད། 
  • ལེ་ཚན་སྔོན་མ།: རང་རྒྱལ་གྱིས་བར་སྣང་ནས་སློབ་ཁྲིད་ཐོག་མ་བྱས་པ་ལམ་ལྷོངས་བྱུང་།
  • ལེ་ཚན་རྗེས་མ།:ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་པར་རིས་རགས་བཀོད།
  • དོ་སྣང་ཆེ་བའི་རྩོམ།