བོད་མིའི་སྡོད་གནས།

        2010-11-26

བོད་མིའི་སྡོད་གནས།

གནའ་སྔ་མོའི་དུས་སྐབས་སྡོད་ཁང་བཟོ་སྐྲུན་ནི་ལོ་རྒྱུས་དང་གནའ་བརྟག་གསར་རྙེད་ལས་ད་བར་དུ་ཕལ་ཆེར་ལོ་ངོ་ཁྲི་གཅིག་ནས་ལྔའི་སྔོན་དུ་ཡོད་ལ། དེའི་དུས་བོད་ཀྱི་རྩིག་བཟོའི་མྱུ་གུ་འབུས་ཡོད་པ་རེད། ད་ནས་ལོ་སྟོང་ཕྲག་བཞི་ནས་ལྔའི་སྔོན་དུ་ཆུ་ཚད་ངེས་ཅན་ལ་སླེབས། ལོ་ངོ་སྟོང་ཕྲག་གཉིས་སྔོན་ནས་བསྐྲུན་པའི་ཡུམ་བུ་བླ་མཁར་དང་། བོད་བཙན་པོའི་དུས་སྐབས་ཀྱི་བསམ་ཡས་གཙུག་ལག་ཁང་དང་པོ་ཏ་ལ། ར་མོ་ཆེ། ལྷ་སའི་གཙུག་ལག་ཁང་ངམ་ཇོ་ཁང་སོགས་མང་པོ་ཡོད། སྡོད་ཁང་ལ་རིགས་ཀྱི་དབྱེ་བ་མང་སྟེ། གཙོ་ཆེར་བསྡུས་ན། ཁང་བ་ཐོག་གཅིག་མ་དང་ཁང་བ་ཐོག་རྩེག་གཉིས་མ། ཐོག་ཁང་དང་དགོན་སྡེའི་གཙུག་ལག་ཁང་། སྤྲོ་ཁང་བཅས་ཡོད།
ཁང་བ་ཐོག་གཅིག་མ།
དེ་ནི་ས་དང་རྡོ། ཤིང་སོགས་ཀྱིས་གྲུབ་པ་ཅན་ཞིག་ཡིན་ཞིང་། གཞིས་སའི་ནང་དུ་ལྷས་གཉིས་བཅད་དུ་ཕྱེས་པ་སྟེ། ལྷས་གོང་མར་འདུག་ཁང་། མཛོད་ཁང་།ཇ་ཁང་། མཆོད་ཁང་བཅས་ཡོད་པ་དང་། ལྷས་སམ་ར་སྐོར་ཕྱི་མའི་ནང་དུ་ཕྱུགས་ར་དང་ལྡུམ་ར་ཡོད་པ་ཅན་སོགས་ཡོད་དོ། ཨ་མདོའི་ཕྱོགས་སུ་དེ་དར་ཁྱབ་ཆེ།
ཁང་བ་ཐོག་རྩེག་གཉིས་མ།
དེ་ནི་རྡོག་རུག་བརྩིགས་པ་ལས་གྲུབ་པ་བཅས་ཡོད་ལ། ཞབས་ཁང་སྤྱིར་བཏང་སྒོ་མི་ཕྱེ། སྒོ་ཡོད་དེ། ཕྱུགས་ཁང་ཡིན་ལ། སྟེང་ཁང་དུ་སྒེའུ་ཁུང་ཕྱིས་པ་དང་། དེ་ནི་ཉལ་ཁང་དང་། ཇ་ཁང་། མཛོད་ཁང་། འགྲུལ་ཁང་སོགས་སུ་བཀོལ་བ་རེད།
   ཐོག་ཁང་།
ཐོག་ཁང་ལ་བོད་ཡུལ་དུ་སྤྱིར་བཏང་སུམ་ཐོག་མང་སྟེ། དེ་ནི་འོག་ཀང་དུ་སྒོ་ཕྱུགས་འདུག་པ་དང་། ཉིས་ཐོག་ནི་མི་འདུག་ས་སྟེ། མཛོད་ཁང་དང་འགྲུལ་ཁང་། ཇ་ཁང་སོགས་ཡོད་ལ། སུམ་ཐོག་ནི་མཆོད་ཁང་དང་གྲྭ་བཙུན་ཉལ་ས་སོགས་ཡིན།
  • ལེ་ཚན་སྔོན་མ།:ཁྱད་དུ་འཕགས་པའི་བོད་ཀྱི་བརྐོས་མའི་ལག་རྩལ།
  • ལེ་ཚན་རྗེས་མ།:སྤྲོ་ཁང་།
  • དོ་སྣང་ཆེ་བའི་རྩོམ།