བོད་ལྗོངས་ཀྱི་དམངས་གླུ་ལ་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གླུའི་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་ཐོབ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-09-13

ཉེ་ཆར། སྐབས་བཅུ་གཅིག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གླུའི་འགྲན་ཚོགས་དེ་ཀན་སུའུ་ལིན་ཞཱ་རུ་བསྡུས་ཤིང་། བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རྩ་འཛུགས་དང་འོས་སྦྱོར་བྱས་པའི་གླུ་གཞས་ཏེ། ཡཱང་ཉན་ཧྭ་ཡིས་ཚིག་བརྩམས་པ་དང་རྡོ་རྗེ་དངོས་གྲུབ་ཀྱིས་དབྱངས་བརྩམས་པ། བཀྲ་ཤིས་གཡང་འཛོམས་ཀྱིས་བླངས་པའི༼ཇོ་མོ་གླང་མའི་ཕ་ཡུལ་སྟེ་བོད་ལྗོངས༽ཞེས་པ་དེར་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གླུའི་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་རེད།
  རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་ཀྲུང་གོའི་ནུབ་རྒྱུད་མི་རིགས་ཀྱི་དམངས་གླུའི་སྤྲོ་ཚོགས་སྟེང་རང་རྒྱལ་ནུབ་རྒྱུད་ཀྱི་ལྗོངས་ཞིང12ནས་ཡོང་བའི་འཐུས་ཚབ་རུ་ཁག15ཞུགས་ཡོད་ལ། ནུབ་རྒྱུད་ཀྱི་དམངས་གླུའི་འགྲན་ཚོགས་ནི་འཛམ་གླིང་ཤུལ་བཞག་རིག་གནས་ཀྱི་ལས་གཞི་ཞིག་ཡིན་ཞིང་། ནུབ་རྒྱུད་ཀྱི་དམངས་གླུའི་སྒྱུ་རྩལ་གྱི་མཚར་ཉམས་ཡོངས་སུ་མངོན་པ་དང་། མི་རིགས་ཀྱི་རིག་གནས་གོང་དུ་སྤེལ་བ། དམངས་གླུའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་མཚོན་རྟགས་ཤིག་ཏུ་གྱུར་ཡོད་པ་རེད། 
  • ལེ་ཚན་སྔོན་མ།:༼ གསར་རྩོམ་ཉམས་མྱོང་གླེང་བ ༽ཞེས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་སྐོར་དང་པོའི་བོད་རིགས་སློབ་ཆེན་སློབ་མའི་བུད་མེད་མཚོ་དམག་དག་དམག་དཔུང་ལ་ཞུགས་པ།
  • དོ་སྣང་ཆེ་བའི་རྩོམ།