བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར300བཏང་ནས་གཙང་པོ་གཉིས་དང་ཆུ་བོ་བཞིའི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་འཆར་འགོད་བྱས།

        2013-09-06

ཞིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ།བོད་ལྗོངས་ཀྱིས་སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར300ལ་ཟིན་པ་བཏང་ནས“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭ་འཆར་འགོད་དང་རྩོམ་སྒྲིག་བྱེད་བཞིན་ཡོད་ཅིང་།ལས་གྲྭ་དེའི་ནང་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་གཙང་ཆུ་གཙོ་བོ་རྒྱུག་ཁུལ་གྱི་ནགས་བཟོ་བྱ་རྒྱུར་འཚམས་པའི་ས་ཆ་དུམ་བུ་ཁག་ཚུད་ཡོད་པ་དང་།གཙང་ཆུ་རྒྱུག་ཁུལ་དེ་དག་གི་ཆུ་རྩ་གསོ་འཁྱོངས་དང་རླུང་འགོག་བྱེ་བརྟན།ས་ཆུའི་རྒྱུན་མཐུད་ནུས་པ་བཅས་མཐོ་རུ་གཏོང་བ་དང་དེ་བཞིན་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་པའི་ཐད་དགེ་མཚན་ལྡན་པའི་ཕན་ནུས་ཐོན་རྒྱུ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན།རང་སྐྱོང་ལྗོངས་ཀྱི“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭའི་འཆར་འགོད་རྩོམ་སྒྲིག་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་ནས《“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་འགྱུར་ལས་གྲྭའི་འཆར་འགོད་རྩོམ་སྒྲིག་ལས་དོན་སྤེལ་བའི་བསམ་འཆར》པར་སྐྲུན་འགྲེམས་སྤེལ་བྱས་ཡོད་ཅིང་།དེའི་ཁྲོད《ལྷ་སའི་སྐྱིད་ཆུ་རྒྱུག་ཁུལ་གྱི་ནགས་བཟོ་སྔོ་འགྱུར་ལས་གྲྭའི་འཆར་འགོད》ཀྱི་རྩོམ་སྒྲིག་ལས་དོན་སྔོན་ལ་འགོ་བཙུགས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་ལ་ཉེ་བ་བཏང་ནས་སློབ་གྲྭ་ཆུང་འབྲིང་བརྒྱ་ལྷག་ལ་ལུས་པོ་འཁྲུད་ཁང
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་ལྷག་བཏང་ནས་དགོན་སྡེའི་གྲྭ་ཤག་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་ཡིན
  • དོ་སྣང་ཆེ་བའི་རྩོམ།