བོད་ལྗོངས་ཀྱི་ས་ཆ་བྱེ་འགྱུར་གྱི་རིག་ལམ་ཞིབ་འཇུག་བྱས་འབྲས་ལ་དཔྱད་འདོམས་བྱས།

        2013-09-05

ཤིན་ཧྭ་དྲ་བའི་བོད་ཡིག་འཕྲིན་ལམ་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར་ཀྲུང་གོ་ཚན་རིག་ཁང་གི་གྲང་ཁུལ་དང་ཐན་ཁུལ་ཁོར་ཡུག་དང་བཟོ་སྐྲུན་ཞིབ་འཇུག་སུའོ་ཡིས་ལྗོངས་ནགས་ལས་ཐིང་སོགས་ཚན་པ་དང་མཉམ་དུ་ལེགས་སྒྲུབ་བྱས་པའི“བོད་ཀྱི་ས་ཆ་བྱེ་འགྱུར་གྱི་རིག་གཞུང་མ་ལག་འཛུགས་པ་དང་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་གྱི་ཞིབ་འཇུག”བྱས་འབྲས་དེར་དཔྱད་འདོམས་བྱས་པ་རེད།
    གྲུབ་འབྲས་དེས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཚན་རྩལ་རྣམ་གྲངས་གཙོ་བོ་ཡིན་པའི“བོད་ཀྱི་ས་ཆ་བྱེ་འགྱུར་གྱི་རྒྱུ་རྐྱེན་དང་ཕྱོགས་བསྡུས་འགོག་བཅོས་བྱ་རྒྱུས”གཙོ་བོ་བྱས་ཏེ་འབྲེལ་ཡོད་ཚན་ཞིབ་རྣམ་གྲངས་དང་ཟུང་འབྲེལ་གྱིས་ལོ་20 ཙམ་རིང་བོད་ཀྱི་ས་ཆ་བྱེ་འགྱུར་གྱི་ཁྱབ་ཚུལ་དང་། རྒྱུ་རྐྱེན། འཕེལ་རྒྱས། སྔོན་དཔགལྟ་ཞིབ་ཚད་ལེན། བཅོས་སྒྲིག་ལག་རྩལ་བཅས་ལ་ཕྱོགས་སྡོམ་དང་འཐུས་ཚང་དུ་བཏང་བས“བོད་ཀྱི་ས་ཆ་བྱེ་འགྱུར་གྱི་རིག་གཞུང་མ་ལག་འཛུགས་པ་དང་ཕྱོགས་བསྡུས་འགོག་བཅོས་ལག་རྩལ་གྱི་ཞིབ་འཇུག”གྲུབ་ནས་བོད་ཀྱི་ས་ཆ་བྱེ་འགྱུར་གྱི་ཞིབ་འཇུག་སྟོང་ཆ་གསབ་ཐོག་རང་རྒྱལ་གྱིས་མཚོ་བོད་ས་མཐོའི་དམིགས་བསལ་ཁུལ་དུ་ས་ཆ་བྱེ་འགྱུར་ལ་ཞིབ་འཇུག་དང་བཅོས་སྒྲིག་བྱ་རྒྱུར་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། གྲུབ་འབྲས་དེ་ལས་ཉེ་དུས་བོད་ཀྱི་བྱེ་འགྱུར་ས་ཆའི་འགྱུར་ལྡོག་གི་ཆོས་ཉིད་གསལ་པོར་སྟོན་པ་དང་འབྲེལ་བོད་ཀྱི་ས་ཆ་བྱེ་འགྱུར་གྱི་སྤྱི་པའི་གནས་ཚུལ་དང་འཕོ་འགྱུར་གྱི་ཁྱད་ཆོས་ཐེངས་དང་པོར་རྩད་ཞིབ་ཐུབ་པ་དང་སྒོ་ཀུན་ནས་ཕྱོགས་སྡོམ་བྱས་པ་དང་བོད་ཀྱི་བྱེ་འགྱུར་ས་ཆ་འགོག་བཅོས་ཀྱི་འཆར་གཞི་ཐེངས་དང་པོར་བཟོས་ཁར་བོད་ལྗོངས་ས་མཐོའི་ས་ཆ་བྱེ་འགྱུར་འགོག་བཅོས་བྱེད་པའི་འཐབ་ཇུས་ཀྱི་བསམ་ཕྱོགས་དང་། ཐབས་ལམ། ཁ་གཏད་གཅོག་ཐབས་བཅས་དམིགས་ས་ཡོད་པའི་ངང་བཏོན་པ་རེད།
  • ལེ་ཚན་སྔོན་མ།:སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དེ་ཟླ་བ11པར་འཚོག་རྒྱུའི་གཏན་འབེབས་བྱས།
  • ལེ་ཚན་རྗེས་མ།:2013ལོའི་ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཞེས་པའི་གཟི་བརྗིད་མཚན་སྙན་ལྷ་ས་གྲོང་ཁྱེར་ལ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།