ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྡེ་དགེ་རྫོང་གི་འགྲིམ་འགྲུལ་རྣམ་གྲངས་ལ་ལྟ་ཞིབ་བྱས།

དབྱངས་ཅན་གྱིས་བསྒྱུར།        2013-09-05

ཟླ་བ8པའི་ཚེས23ཉིན། གཉེན་ཉེ་ལ་ལྟ་ས་དང་འཚམས་འདྲི་བྱས་བྱས་རྗེས། ཁུལ་སྲིད་གཞུང་གི་དྲུང་ཡིན་ཆེན་མོ་བ་གཞོན་པ།ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་རན་དབྱི་ཡིས་ལས་སྒྲུབ་ཚོ་ཆུང་ཁྲིད་ནས། མུ་མཐུད་དེ་སྡེ་དགེ་རྫོང་ཁོངས་ནང་གི་འཛུགས་སྐྲུན་བྱེད་བཞིན་པའི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཡུལ་དངོས་སུ་ཨར་ལས་སྡེ་ཚན་ལ་ངེས་པར་དུ་སྤྱོད་པའི་རྒྱུ་ཆ་སྤུས་ཀའི་འགག་རྩ་ཡག་པོ་བྱས་པ་དང་།གན་རྒྱའི་བླང་བྱ་ལྟར་རྒྱུ་ཆ་སྤྱོད་པ་དང་ཨར་ལས་རྒྱག་པ་བཅས་བྱས་ནས་གཞུང་ལམ་འཛུགས་སྐྲུན་གྱི་སྤུས་པ་ཁག་ཐེག་བྱེད་དགོས་པའི་རེ་འདུན་བཏོན་པ་རེད།
    སྡེ་དགེ་རྫོང་ན་མདོ་ཤང་ནས་དབོན་ཐོག་ཤང་བར་ནི་སྡེ་དགེ་རྫོང་གིས་འཛུགས་སྐྲུན་བྱས་པའི་རིམ་པ་བཞི་ཡན་ཆད་ཀྱི་སྣུམ་སྙིགས་གཞུང་ལམ་དང་པོ་ཡིན་ལ། དབོན་ཐོག་ཤང་ནས་སྡེ་དགེ་རྫོང་ཁུལ་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་གཞུང་ལམ་ཞིག་ཀྱང་ཡིན། ལམ་བར་དུ་ཨར་ལས་སྡེ་ཚན་གྱིས་འཕྲུལ་འཁོར་སྒྲིག་འཛུགས་བྱས་ཏེ་ཆུ་བརྟན་སིམ་བྱེད་སའི་ཨར་ལས་སྒྲུབ་བཞིན་པ་རེད། ཨར་ལས་སྡེ་ཚན་གྱིས་གན་རྒྱའི་བླང་བྱ་ལྟར་སྒྲུབ་མེད་པ་དང་དམིགས་ཚད་མང་ཤོས་ཚད་གཞིའི་ཐོག་སླེབས་མེད་སྟབས་དཔེ་འཐེན་བྱེད་མི་ཐུབ་པ་ཤེས་ཚེ། རན་དབྱི་ཡིས་དེ་མ་ཐག་ཨར་ལས་སྡེ་ཚན་དང་ལྟ་ཞིབ་དོ་དམ་སྡེ་ཚན་གྱི་འགན་འཁུ་མི་སྣ་བོས་ནས་ཁོ་ཚོ་ལ་ངེས་པར་དུ་ཨར་ལས་ཀྱི་སྤུས་ཀ་འགན་ལེན་བྱེད་དགོས་ལ་བཙན་སྐུལ་གྱིས་མྱུར་ཚད་མགྱོ གས་པོ་བྱེད་མི་ཉན་ཞེས་རེ་འདུན་བཏོན་པ་རེད།
    རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་སྡེ་དགེ་ནས་སྐམ་ཐོག་བར་རན་དབྱི་ཡིས་ལྷན་འགྲོ་དང་བཅས་པས་རྒྱལ་སྲུང་གཞུང་ལམ་གྱི་ལམ་ཐིག317པའི་སྡེ་དགེ་ནས་སྐམ་ཐོག་བར་གྱི་གཞུང་ལམ་དུམ་བུའི་ཡན་ལག་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་ཞུས་ཅིན་ཧྭ་ཡིས་ལམ་གཞི་བཟོ་སྐྲུན་དང་སྐམ་ཐོག་གི་ཕུག་ལམ། སྡེ་དགེའི་ཕུག་ལམ་སྔོག་འདོན་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་དང་། ཨར་ལས་ཀྱི་འཕེལ་རིམ་དང་ཕུག་ལམ་ཉེན་མེད་ཐོན་སྐྱེད་དོ་དམ་བྱེད་པ་སོགས་ཐད་ཀྱི་གནས་ཚུལ་འདྲི་རྟོགས་ཞིབ་ཕྲ་བྱས་ནས། ཨར་ལས་སྡེ་ཚན་ལ་ཨར་ལས་ཀྱི་སྤུས་ཀ་དང་ཨར་ལས་ཉེན་མེད་ཡོང་བར་འགན་ལེན་བྱེད་དགོས་པ་དང་། སྡེ་དགེ་རྫོང་གི་སྐམ་ཐོག་ནས་དཔལ་ཡུལ་རྫོང་གི་གཞུང་ལམ་ཐད་རན་དབྱི་ཡིས་བཟོ་སྐྲུན་བྱས་ཟིན་པའི་ཆུ་བརྟན་སིམ་རིམ་པའི་གཞུང་ལམ་སྤྱི་ལེ་12དང་ཚོད་ལྟའི་གཞུང་ལམ་སྤྱི་ལེ0.8ལ་ཞིབ་བཤེར་ཞིབ་ཕྲ་བྱས་པར་མ་ཟད། ཨར་ལས་སྡེ་ཚན་ལ་མཆན་བཀོད་བཀའ་ལན་ཐོབ་མེད་པའི་གནས་ཚུལ་འོག རང་འཚམས་ཀྱིས་ཇུས་འགོད་བཟོ་བཅོས་བྱས་ན་ངེས་པར་དུ་ལས་ལོག་རྒྱག་དགོས་པ་དང་། ཨར་ལས་སྡེ་ཚན་གྱིས་སྡེ་དགེ་རྫོང་སྤྱི་བདེ་མངག་གཏོང་ཁང་ལ་རམ་འདེགས་བྱས་ཏེ་བཙན་ཉོ་བཙན་འཚོང་དང་བསྙད་འདོགས་རྒྱུ་ལེན་གྱི་བྱ་སྤྱོད་ལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་དངོས་སུ་རྡུང་རྡེག་ནན་པོ་གཏོང་དགོས་པ་སོགས་ཀྱི་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།:རྒྱལ་གཞུང་318ཀྱི་ར་རྔ་ཁ་ནས་ཉག་ཆུ་རྫོང་བར་གྱི་གཞུང་ལམ་དུམ་བུར་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བཟོ་མི་དགོ
  • ལེ་ཚན་རྗེས་མ།:ཉི་སྟེན་གནམ་ཐང་གི་གནམ་གྲུ་སྒུག་ཁང་གི་ཐོག་ཁང་ལས་གྲྭ་དེ་ལས་མཇུག་བསྡུས་པའི་དུས་རིམ་དུ་བསླེབས།
  • དོ་སྣང་ཆེ་བའི་རྩོམ།