རྒྱལ་གཞུང་318ཀྱི་ར་རྔ་ཁ་ནས་ཉག་ཆུ་རྫོང་བར་གྱི་གཞུང་ལམ་དུམ་བུར་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བཟོ་མི་དགོས་པ་བྱས།

དབྱངས་ཅན་གྱིས་བསྒྱུར།        2013-09-05

གསར་འགོད་པས་ཁུལ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་ཀ་ལོ་གསུམ་རིང་གཅིག་བསྡུས་འགག་སྒྲོལ་བྱེད་པའི་མཐུན་སྦྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་རྒྱུར། རྒྱལ་གཞུང་318་ཀྱི་ར་རྔ་ཁའི་འགོ་ལོག་ཐོག་ནས་མཚོ་ལའི་བར་གྱི་གཞུང་ལམ་རྒྱས་སྐྲུན་བྱ་རྒྱུའི་ཨར་ལས་དར་མདོའི་ར་རྔ་ཁའི་འགོ་ལོག་ཐོག་ནས་ཉག་ཆུ་རྫོང་བར་གྱི་གཞུང་ལམ་སྤྱི་ལེ72དེ་ཟླ་བ8པའི་ཚེས20ཉིན་ནས་བཟུང་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བཟོ་མི་དགོས་པ་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་མའི་འགོ་ལོག་ཐོག་ནས་མཚོ་ལའི་བར་གྱི་གཞུང་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ303ཡོད་པ་དང་། རྒྱས་སྐྲུན་བྱས་རྗེས་གཞུང་ལམ་ཧྲིལ་པོའི་རིང་ཚད་སྤྱི་ལེ270.5ཡོད། ཟླ་བ7པའི་ཚེས20ཉིན་ལི་ཐང་ནས་འབའ་ཐང་གི་མཚོ་ལའི་བར་གྱི་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བཟོ་མི་དགོས་པ་བྱས། ད་བར་དུ་རྒྱལ་གཞུང་318ཀྱི་འགོ་ལོག་ཐོག་ནས་མཚོ་ལའི་བར་གྱི་གཞུང་ལམ་སྤྱི་ལེ145ལེགས་འགྲུབ་བྱུང་ཡོད་པས་རྒྱས་སྐྲུན་གཞུང་ལམ་གྱི་བརྒྱ་ཆ53.6བཟུང་ཡོད།
  • ལེ་ཚན་སྔོན་མ།: དཀར་མཛེས་ཁུལ་གྱིས་རིག་གནས་གྲོང་གསེབ་ཏུ་བསྐྱལ།
  • ལེ་ཚན་རྗེས་མ།:ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་སྡེ་དགེ་རྫོང་གི་འགྲིམ་འགྲུལ་རྣམ་གྲངས་ལ་ལྟ་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།