དཀར་མཛེས་ཁུལ་གྱིས་རིག་གནས་གྲོང་གསེབ་ཏུ་བསྐྱལ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-09-05

ཟླ་བ8པའི་ཚེས29ཉིན་གྱི་ཞོགས་པར། དཀར་མཛེས་ཁུལ་གྱིས་རིག་རྩལ་གྲོང་གསེབ་ཏུ་སྐྱེལ་བའི་འཁྲབ་སྟོན་རུ་ཁག་དེ་བྲག་མགོ་རྫོང་མཁར་ནས་ལྡོག་ཐོན་བྱས་ནས་རི་བརྒལ་ལ་བརྒྱབ་ཀྱིས་སྤྱི་ལེ60ལྷག་ཙམ་རྒྱང་བའི་སར་བསྐྱོད་དེ་ཉི་གཞུང་ཙམ་ལ་གཙང་སྟོད་རྩྭ་ཐང་དུ་སླེབས་པ་རེད།
    དགའ་སྤྲོ་ཁེངས་པའི་ཞབས་བྲོའི་ཁྲོད་དུ་ཁམས་པའི་བུ་དང་བུ་མོ་ཚོས་ཏང་གི་བཀའ་དྲིན་ལ་བསྟོད་གླུ་འབུལ་ནས་དཀར་མཛེས་ཁུལ་མང་ཚོགས་ཀྱི་ཕུལ་དུ་བྱུང་བའི་རིག་རྩལ་ལེ་ཚན་གྲོང་གསེབ་ཏུ་སྐྱེལ་འགོ་ཚུགས་པ་རེད།གཙང་ཐ་ཤང་ནི་ལ་གླུ་གྱི་ཕ་ཡུལ་རེད།ཡུལ་དེར་ལ་གླུ་མཁས་ཅན་སྐལ་ཁོ་གར་སྟེགས་ཐོག་ཏུ་འོངས་མ་ཐག་ཡུལ་དངོས་སུ་སྤྲོ་སེམས་ཀྱིས་ཁེངས་པ་རེད། ༼བདེ་སྐྱིད་ལྡན་པའི་གཙང་ཐ་༽ཞེས་པའི་གླུ་དབྱངས་དེ་གཙང་སྟོད་རྩྭ་ཐང་གི་བུ་དང་བུ་མོ་ཚོའི་སྙིང་གཏམ་ལྷུག་བརྗོད་བྱས་པའི་རིགས་སུ་མཐུན།ཁོ་ཚོས་སྙན་འཇེབས་གླུ་དབྱངས་ཀྱིས་ཡིད་དབང་འཕྲོག་སྟེ་འཇམ་ཐིང་ཐིང་གི་ངང་ནས་ཉན་བཞིན་འདུག གླུ་ལོན་ཤོག སྐལ་ཁོ་གར་སྟེགས་ཐོག་ནས་ཁ་བྲལ་འཇུག་མི་བྲ་བར་འགྱུར།སློབ་མ་ཚོས་བང་བསྒྲིགས་ནས་དར་དཀར་འབུལ་རྒྱུ་འཕྲོག་ལེན་བྱས་པ་དང་།འབྲོག་པ་ཚོས་གྲེ་བ་འགག་བཞིན་དུ་ཡང་བསྐྱར་ཞེས་བོས་པ་རེད།
    ཁུལ་ནང་ནས་འཁྲབ་སྟོན་པ་མངགས་ཡོང་བས་འཁྲབ་སྟོན་གྱི་ཆུ་ཚད་མཐོ་བ་དང་།ཡུལ་དངོས་སུ་འཁྲབ་སྟོན་བྱས་པ།ཐག་ཉེ་བ། ཡོངས་རྫོགས་བོད་སྐད་ཡིན་པས། གོ་བརྡ་མི་འཕྲོད་པ་བསམ་མི་དགོས་པ་རེད། ཚང་མས་འདི་ནི་ཞིང་འབྲོག་པ་ལ་འཁྲབ་སྟོན་བྱས་པ་རེད་ཅེས་བསྟོད་པའི་མེ་ཏོག་གཏོར་བ་རེད།
    ཞིང་འབྲོག་པའི་ས་ཁུལ་དུ་རིག་གནས་འཁྲབ་སྟོན་བྱེད་ཉུང་བ་དང་མང་ཚོགས་ཀྱི་རིག་གནས་འཚོ་བ་སྣ་གཅིག་རྐྱང་ཡིན་པའི་དོན་དངོས་ལ་དམིགས་ནས་དཀར་མཛེས་ཁུལ་གྱིས་གྲོང་གསེབ་ཏུ་རིག་རྩལ་གྲོང་གསེབ་ཏུ་སྐྱེལ་རྒྱུ་དེ་གལ་འགངས་ཆེ་བའི་དམངས་འཚོའི་ལས་གྲྭ་ཞིག་ཏུ་བརྩིས་ནས་ཁུལ་དང་རྫོང་ཤང་བཅས་རིམ་པ་གསུམ་གྱི་རིག་རྩལ་དཔུང་སྡེ་གྲོང་གསེབ་ཏུ་སྐྱེལ་རྒྱུ་སྒྲིག་འཛུགས་བྱས་པ་རེད། ཟླ་བ8པའི་ཟླ་མཇུག་ཏུ་ཁུལ་ཡོངས་སུ་རིག་རྩལ་གྲོང་གསེབ་ཏུ་ཐེངས600འཁྲབ་སྟོན་བྱས་པ་དང་ལྟད་མོ་ལྟ་མཁན་མིའི་ཐེངས་ཁྲི56.9ལ་ཟིན་པ་དང་ཤང་དང་གྲོང་རྡལ300དང་གྲོང་ཚོ་བརྒྱ་ཆ་90ཁྱབ་པ་རེད།
    དཀར་མཛེས་ཁུལ་གྱིས་ད་རིང་རིག་རྩལ་གྲོང་གསེབ་ཏུ་སྐྱེལ་རྒྱུ་དེ་རྒྱལ་གཅེས་དང་དྲིན་གཟོ་ཁྲིམས་སྲུང་།མཐུན་སྒྲིལ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕན་ནུས་ལྡན་པའི་གཞི་རྟེན་དང་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་གལ་འགངས་ཆེ་བའི་ནང་དོན་དུ་རྩིས་རྒྱུ་རེད།ཁུལ་ཨུའི་རྒྱུན་ཨུ།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་པིན་ཧྲི་ཞང་གིས་ངོ་སྤྲོད་བྱེད་རྒྱུར།བྱེད་སྒོ་སྤེལ་བ་ནས་བཟུང་།ཁུལ་ཡོངས་སུ་རིགས་སྣ་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་སྒྲོག་སྦྱང་ཁྲི1ལྷག་ཙམ་བྱས་པ་དང་།དཔེ་འོས་སྒྲོག་སྦྱོང3000ལྷག་ཙམ་བྱས་པ།ཚགས་པར་ཀློག་པའི་བྱེད་སྒོ་ཐེངས་གྲངས་ཁྲི2.6སྤེལ་བ།ཚན་རྩལ་དང་འཕྲོད་བསྟེན།ཁྲིམས་ལུགས། རིག་གནས་བཅས་གྲོང་གསེབ་ཏུ་ཐེངས་གྲངས37952བསྐྱལ་བ། དྲིལ་བསྒྲགས་དཔྱད་ཡིག་ཁྲི16.38ལྷག་ཙམ་བཀྲམས་ནས་སྲིད་ཇུས་དང་ཆ་འཕྲིན།རིག་གནས་བཅས་ཞིང་འབྲོག་པའི་ཁྱིམ་ནང་ལ་བསྐྱལ་བ་ཡིན།
  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་བཟོ་ཚོང་ཅུས་ཀྱིས་ཁྲིམས་འགལ་ཚོང་གཉེར་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་གཞུང་318ཀྱི་ར་རྔ་ཁ་ནས་ཉག་ཆུ་རྫོང་བར་གྱི་གཞུང་ལམ་དུམ་བུར་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བཟོ་མི་དགོ
  • དོ་སྣང་ཆེ་བའི་རྩོམ།