རང་རྒྱལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱེད་ཁུལ་ཉག་ཅིག་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20མངོན་འགྱུར་བྱུང་།

མིག་དམར་གྱིས་བསྒྱུར།        2013-09-04

  ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར།རང་རྒྱལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱེད་ཁུལ་ཉག་ཅིག་པུ་སྟེ།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐྱེ་ཁམས་ཕྱུགས་ལས་རྒྱལ་ཁབ་ཀྱི་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་ཆོག་པའི་ཚོད་ལྟ་བྱེད་ཁུལ་དེ2011ལོའི་ཟླ་བ8པར་འཁོར་སྐྱོད་བྱེད་འགོ་བཙུགས་པ་ནས་བཟུང་།རྩྭ་ཐང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་ལེགས་བསྡུས་ཞིབ་གཉེར་གྱིས་བདག་གཉེར་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་སྐྱེ་ཁམས་ཕྱུགས་ལས་རྒྱུད་བཟང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས་ཤིང་།ཚོད་ལྟའི་རྣམ་གྲངས་ཁྱབ་ཁུལ་ལ་རྩྭ་ཕྱུགས་དོ་སྙོམས་ཐོག་མ་བྱུང་ཏེ་ལོ་གསུམ་ལ་ཁྱོན་བསྡོམས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20ལེགས་གྲུབ་བྱུང་བ་རེད།
    མིག་སྔར་གྱི་བར་དུ་སླེབས་སྐབས།ཚོད་ལྟ་བྱེད་ཁུལ་ལ་མུའུ་ཁྲི50ལྡན་པའི་སྤུས་ལེགས་གཟན་རྩྭ་ཐོན་སྐྱེད་གནས་གཞི་བསྐྲུན་ཡོད།རྒྱལ་ཁབ་ནང་ཁུལ་དུ་སྔོན་དུ་ཐོན་པའི་རྩྭ་རྡོག་དང་རྩྭ་ལེབ་ལས་སྣོན་ཐོན་སྐྱེད་སྒྲུབ་རིམ་རང་བདག་གསར་སྦོལ་བྱས་ཏེ་སྔོ་གཟན་གསོག་ཉར་བྱ་རྒྱུའི་ལག་རྩལ་བེད་སྤྱོད་ལེགས་པོ་བྱས་ཏེ་གསོག་ཉར་གྱི་སྤུས་བཟང་སྔོ་གཟན་ཏུན2080ལས་སྣོན་བྱས།ལོ་རེར་ཟོག་རྩྭ་སྤུས་ལེགས་ཐོན་སྐྱེད་ཏུན་ཁྲི20བྱས།དེ་དང་མཉམ་དུ་གཞི་ཁྱོན་ཅན་གྱི་ནོར་ལུག་ཁྲི50དང་གནག་ཕྱུགས1000གསོ་སྤེལ་བྱས་ཏེ།སྐྱེ་ལྡན་གསོ་སྤེལ་གྱི་མིག་དཔེ་གྲོང་གསེབ(གནས་གཞི)3བསྐྲུན་ཡོད་པ་མས་ཚད་སྐྱེ་ལྡན་གྱི་ཕྱུགས་ལས་ཐོན་རྫས་ལ་ཕུགས་འདེད་བྱེད་པའི་མ་ལག་བཙུགས་ཡོད་ཅིང་།ལོ་རེར་སྐྱེ་ལྡན(ལྷད་མེད)ཕྱུགས་ཟོག་ཐོན་རྫས་ཏུན1000ཡན་ལས་སྣོན་བྱས་པ་རེད།
  • ལེ་ཚན་སྔོན་མ།:རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུ།
  • ལེ་ཚན་རྗེས་མ།:ད་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ཡོངས་སུ་དྲོད་རླངས་མཁོ་འདོན་ཐུབ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།