རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏང་རྒྱུ།

        2013-09-04

ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ཧོ་ཧའོ་ཐེན་ནས་གློག་འཕྲིན་འབྱོར་གསལ།ཉེ་ཆར།ནང་སོག་རང་སྐྱོང་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ནས་རང་རྒྱལ་གྱིས་སྤྱི་ཚོགས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
    བསྡོམས་རྩིས་གསར་ཤོས་ཀྱི་གྲངས་ཀ་ལས་མཚོན་པར་གཞིགས་ན།མིག་སྔར་རང་རྒྱལ་གྱི་རྒན་གསོའི་སྒྲིག་གཞི་སྣ་ཚོགས་ཁྲི4.5ཙམ་དང་རྒན་གསོའི་ཉལ་ཁྲི་ཁྲི431.3ཡོད་པས་རྒན་རྒོན་སྟོང་རེར་རྒན་གསོའི་ཉལ་ཁྲི22.24ཟིན་པ་དང་།ཞིང་ཆེན18ཀྱིས་ལོ80ཡན་གྱི་ཡོང་འབབ་དམའ་བའི་རྒན་རྒོན་ལ་ཁ་གསབ་རོགས་དངུལ་སྤྲོད་པའི་སྲིད་ཇུས་བཏོན་པ་དེས་རྒན་རྒོན་ཁྲི1600ལ་ཕན་པ་ཐོབ་པ།ཞིང་ཆེན22ཀྱིས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་རྒན་གསོའི་ཞབས་ཞུའི་ཁ་གསབ་སྲིད་ཇུས་བཏོན་པ་དེས་རྒན་རྒོན་ཁྲི1740ལ་ཕན་པ་ཐོབ་པ།ཐན་ཅིང་དང་།ཧའེ་ལུང་ཅང་།ཧྲང་ཧའེ་སོགས་ཞིང་ཆེན3གྱིས་སྤྱིར་བཏང་གི་རྒན་གསོའི་ཞབས་ཞུའི་ཁ་གསབ་རོགས་དངུལ་སྤྲོད་པའི་རྨང་གཞིའི་ཐོག་ནུས་ཤོར་རྒན་རྒོན་གྱི་བདག་སྐྱོང་ཁ་གསབ་རོགས་དངུལ་སྤྲོད་པའི་ལམ་ལུགས་བཙུགས་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན།ལོ་མཇུག་ལ་སླེབས་སྐབས་རང་རྒྱལ་དུ་ལོ60ཡན་གྱི་རྒན་རྒོན་དུང་ཕྱུར1.94ཟིན་རྒྱུ་ཡིན་པ་དང2020ལོར་སླེབས་སྐབས་དུང་ཕྱུར2.43ཟིན་རྒྱུ་དང2025ལོར་སླེབས་སྐབས་དུང་ཕྱུར3ལས་བརྒལ་རྒྱུ་ཡིན་པས་རིམ་པ་མང་བ་དང་རྣམ་པ་མང་བའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་དེ་བས་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།: ཀན་ལྷོ་བོད་ཁུལ་དུ་མི་ཧྲེང་རྒན་འཁོགས4000ལྷག་ཚང་མར་སྲིད་གཞུང་གིས་ཞབས་ཏོག་བྱས།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་སྐྱེ་ཁམས་ཕྱུགས་ལས་ཀྱི་རྒྱལ་ཁབ་རིམ་པའི་ཚོད་ལྟ་བྱེད་ཁུལ་ཉག་ཅིག་གི་ཐོན་རྫས་རིན་ཐང་སྒོར་དུང་
  • དོ་སྣང་ཆེ་བའི་རྩོམ།