དཔལ་ཡུལ་རྫོང་བཟོ་ཚོང་ཅུས་ཀྱིས་ཁྲིམས་འགལ་ཚོང་གཉེར་གྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས།

དབྱངས་ཅན་གྱིས་བསྒྱུར།        2013-09-04

ཉེ་ཆར།འཛད་སྤྱོད་པའི་གཏུག་བཤེར་སྙན་ཞུ་ཞིག་དཔལ་ཡུལ་རྫོང་བཟོ་ཚོང་ཅུས་སུ་འབྱོར་ནས་རྫོང་དེའི་ཚོང་འདུ་ཉོ་ཚོང་ཚོང་ར་ནས་ཉོས་པའི་ཕག་སུག་དེ་རྒྱ་མ་0.5ཉུང་དུ་ཆག་ཟིན་ཞེས་བཤད་པ་རེད།
    རྫོང་དེའི་བཟོ་ཚོང་ཁྲིམས་འཛིན་མི་སྣས་གཏུག་བཤེར་གྱི་གནད་དོན་དེ་འཕྲོད་རྗེས་དེ་མ་ཐག་ཡུལ་དེར་ཕྱིན་ནས་བརྟག་དཔྱད་བྱས་པ་རེད།བརྟག་དཔྱད་དང་ཞིབ་བསྡུར་བྱས་པར་བརྒྱུད།སྒེར་གཉེར་བཟོ་ཚོང་དུད་ཚང་གི་ཝང་ག་གེ་མོས་འཛད་སྤྱོད་པ་ལ་ཕག་སུག་འཚོང་སྐབས་རྒྱ་ཁ་མི་ཚང་བའི་ཁྲིམས་འགལ་བྱ་སྤྱོད་ཡོད་པ་རེད།སྒེར་གཉེར་བཟོ་ཚང་དུད་ཚང་དེས་2011ལོར་ཕག་ནད་ན་ནས་ཤི་བའི་ཕག་ཤ་འཚོང་བའི་བྱ་སྤྱོད་ཡོད་པའི་ཐོགམིག་སྔར་ཡང་རྒྱ་ཁ་མི་ཚང་བའི་ཁྲིམས་འགལ་བྱ་སྤྱོད་ཡོད་པ་རེད།དེར་བརྟེན།ཝང་ག་གེ་མོ་ལ་སློབ་གསོ་ཡང་ཡང་བཏང་རུང་ཡོ་བསྲང་མི་བྱེད་པ་དང་གནས་ཚུལ་ཚབས་ཆེན་ཡིན་པའི་དོན་དངོས་ཀྱི་གནས་ཚུལ་ལ་དམིགས་ནས།རྫོང་དེའི་བཟོ་ཚོང་ཅུས་ཀྱིས《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚང་འདུ་ཉོ་ཚོང་དོ་དམ་བྱེད་པའི་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཝང་ག་གེ་མོ་ལ་ཆད་པ་སྒོར་ཁྲི2.3བཅད་པ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན།ཚོང་གཉེར་གྱི་སྒྲིག་ལམ་ཚད་ལྡན་ཡོང་བར་བྱེད་ཆེད།རྫོང་དེའི་བཟོ་ཚོང་ཅུས་ཀྱིས་ཝང་ག་གེ་མོའི་རྒྱ་ཁ་མ་ཚང་བའི་གྱོད་གཞིའི་དཔེ་མཚོན་བརྒྱུད་ནས།དུས་ཡུན་ཉིན་གཉིས་ཀྱི་རིང་ལ་ཚོ་གཉིས་བགོས་ནས་གྲོང་ཁུལ་གྱི་ཚོང་འདུ་ཉོ་ཚོང་ཚོང་རའི་སྒེར་གཉེར་བཟོ་ཚོང་དུད་ཚང་72སྡུད་རུབ་བྱས་ཏེ་“གྱོད་གཞི་ལ་བརྟེན་ནས་ཁྲིམས་བཤད་པའི་དྲིལ་བསྒྲགས་སློབ་གསོའི་”ཆེད་དོན་གྲོས་ཚོགས་འཚོགས་པ་རེད།གྲོས་ཚོགས་ཐོག་ཝང་ག་གེ་མོའི་དངོས་ཡོད་ཀྱི་གྱོད་གཞི་ལ་དམིགས་ནས་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་ཉེན་ཟོན་སློབ་གསོ་བྱས་པ་དང་།སྒེར་གཉེར་བཟོ་ཚོང་དུད་ཚང་སྒྲིག་འཛུགས་བྱས་ནས་ཡང་དུ་《གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚང་འདུ་ཉོ་ཚོང་དོ་དམ་བྱེད་པའི་བྱེད་ཐབས》དང་།《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཐབས》།《ཚད་འཇལ་བཅའ་ཁྲིམས》།《བཟའ་བཅའ་ཉེན་མེད་བཅའ་ཁྲིམས》སོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ་ཤེས་བྱ་སློབ་སྦྱོང་བྱས་པར་མ་ཟད།བཟོ་ཚོང་དུད་ཚང་ལ་སྒེར་སྡེམ་ཚོང་གཉེར་དང་།རྫུན་མ་བསྲེས་པ།ཞན་པས་ཡག་པོ་འདྲ་བཟོས་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཚོང་གཉེར་གྱི་བྱ་སྤྱོད་ལ་བཟོ་ཚོང་སྡེ་ཁག་གིས་བཅའ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་སྤྱོད་ངན་ལོང་ཤོར་གཏན་ནས་བྱེད་མི་ཆོག་པའི་བསླབ་བྱ་བརྒྱབ་པ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གི་ཉི་ནུས་ལས་གྲྭ་ཡིས་ཁྱིམ་ཚང་ཁྲི་སྟོང་ལ་བདེ་དྲོད་སྟེར།
  • ལེ་ཚན་རྗེས་མ།: དཀར་མཛེས་ཁུལ་གྱིས་རིག་གནས་གྲོང་གསེབ་ཏུ་བསྐྱལ།
  • དོ་སྣང་ཆེ་བའི་རྩོམ།