མིག་གསུམ་པ།

ཞོ་ར་བློ་བཟང་བཀྲ་ཤིས། ༼ མི་ཉག་རྫོགས་ཆེན་སློབ་གྲྭ ༽        2013-09-03

མིག་གསུམ་པ།
ཐར་བ་ཐོབ་སོང་།ལང་ལོང་གི་རྐང་རྗེས་མང་པོའི་ཕ་རོལ་དུ།མིག་གསུམ་པ་ཞིག་དཔྲལ་ངོས་སུ་བབས་ནས་ཕྱི་གསལ་ནང་གསལ་གྱི་འོད་ཀོར་ཟླུམ་པོར་འཚེར་བས།ཨ་ཆེན་དང་ཧཱུྂ་ཡིག་གི་འཕྲོ་འདུ་ལས་རྟོག་པ་ཀློང་དུ་བརྡོལ།ལྷ་མིའི་འཇིག་རྟེན་ལ་ཁྲག་དྲི་ཐུལ་ཡང་།ངའི་ཁོར་ཡུག་ན་ལྷ་ཚོགས་གྲངས་མེད་ཀྱི་བྱམས་བརྩེ་མེར་གྱིས་འཁྱིལ་ཞིང་།ཀུན་རྫོབ་གཉིས་སྣང་མེད།
    ས་བཅུ་ལམ་ལྔ།ཕྱི་ལྷག་ཟུང་འབྲེལ།སྣང་སྟོང་གཉིས་མེད་སོགས་སྨྲ་བསམ་བརྗོད་འདས་ཀྱི་ང་ཁོ་ནར་དབང་བའི་རྟེན་འབྲེལ་ཨ་ལ་ལ་ཧོ།ང་མེད་ཀྱི་ང་ལ་ཅི་ཡང་ཡོད།ལྷང་ངེར།ལྷན་ནེར།གྲོང་ངེར།འདུག་སྟངས་གཞན་གང་ཡང་མེད།གར་སོང་གི་ས་ལ་མེ་ཏོག་བཞད་ཅིང་།གང་གསུང་གི་གཏམ་ལ་འཇོན་ཐང་ལྡན།
    རྙེད་བྱུང་།ངས་ཚུར་མཐོང་བའི་མི་སྣང་བའི་ཤེས་རབ་སྟེ།མཁྱེན་གསུམ་གསལ་རྗེན་གྱི་རང་སེམས་ངོ་མ་དེ་རྙེད་བྱུང་།ཁ་བ་ལྟར།མེ་ཏོག་ལྟར།སྒྲིབ་གཉིས་ཀྱི་དྲི་མ་ཡེ་ནས་དག་ལ།ཉི་མའི་དཀྱིལ་འཁོར་ལ་གསལ་སྣང་སྟོང་གིས་སྤྲོས་པ་ཤེས།སོང་ཟིན་པ་དང་འབྱུང་འགྱུར་ཡོད་ཚད།རང་བྱུང་ལྷུན་གྲུབ་ཀྱི་གཞི་དབྱིངས་སུ་ཐོལ་གྱིས་ཤར་ནས་ཁད་ཀྱིས་ཡལ། མིག་མེད།རྣ་མེད།ལྕེ་མེད།ཕ་མ་དང་གཉེན་ཉེ།དགྲ་གྲོགས་དང་ལོངས་སྤྱོད།དགའ་སྡུག་དང་འཛིན་ཆགས་མེད།ཐ་ན།ང་ཁྱོད་དང་ཉེ་རིང་སོགས་ཅི་ཡང་མེད་མོད།ང་ལ་གཙང་དག་དག་གི་མ་བཅོས་རང་བྱུང་གི་ཕ་གཞིས་དང་།ཟླུམ་པོར་བཀྲ་བའི་རྣམ་ཤེས།ད་དུང་ཡུམ་སྲས་སོགས་ཅི་ཡང་འཛོམས།བདག་འདུན་གྱི་ཚོགས་ཞི་ཁྲ་ལམ་མེར་རིམ་གྱིས་བསྐྱེད་ཅིང་ཡུན་གྱིས་འདུ།གནས་འདི་རུ་གསལ་ལྷང་ངེར་ཀླུ་སྐད་དབྱངས་སུ་བཀུག་ཆོག་ཅིང་།ངག་འདར་འདར་གྱི་གདུང་འབོད་རི་ཀླུང་འབུམ་ཕྲག་གི་ཕ་རོལ་དུ་སྐྱེལ་ཆོག་ན།མིག་ཟུང་བཙུམས་ཏེ་རྣ་བ་གཏན་ནས་འགེབ་མི་སྲིད།

   མིག་གསུམ་པ།
 ངའི་དུས་ཚིགས་ལ་དབྱར་དགུན་དང་།ངའི་མི་ཚེ་ལ་གོ་རིམ་སོགས་ཀྱིས་སྟོང་ནའང་ཐོབ་འདོད་པ་གཞན་གང་ཡང་མེད།རྩ་ལམ་རེ་རེ་ན་ལྷོག་ལྷོག་ཏུ་ཁོལ་བ་ནི་ཐབས་མཁས་ཐུགས་རྗེ་ཡི་ཨ་མ་ལྟ་བུའི་འོ་དྲི་ཡིན།ད་ངས་ཁ་རོག་གེར་རྨི་ལམ་ལ་རོལ་ན་ཁྱོད་ཀྱི་ས་སྲོས་ལ་གཤག་བཅོས་ཐེངས་ཤིག་བྱེད་ན་འདོད།མིག་གསུམ་པ་ཞིག་འདི་ལྟར་དཔྲལ་ངོས་བབས་པས།ང་ལ་ཚོད་ཚོད་ལ་དར་ལྕེ་བཞིན་སྐྲག་འདར་ཐེབས།རང་བྱུང་མའི་རྡུལ་བྲལ་དྲི་མ་དག།བྱ་དངོས་ཡོངས་རྫོགས་ལ་འགྲེལ་ལུགས་གསར་བ་རྙེད་བྱུང་།སླར་ཡང་།ཨ་ཨ།ཡོད་ཚད་ནམ་མཁའ་ནས་ཐིག་ལེར་ཐིམ།ར་བ་ཐོབ་སོང་།ལང་ལོང་གི་རྐང་རྗེས་མང་པོའི་ཕ་རོལ་དུ།མིག་གསུམ་པ་ཞིག་དཔྲལ་ངོས་སུ་བབས་ནས་ཕྱི་གསལ་ནང་གསལ་གྱི་འོད་ཀོར་ཟླུམ་པོར་འཚེར་བས།ཨ་ཆེན་དང་ཧཱ
ྂ་ཡིག་གི་འཕྲོ་འདུ་ལས་རྟོག་པ་ཀློང་དུ་བརྡོལ།ལྷ་མིའི་འཇིག་རྟེན་ལ་ཁྲག་གི་ཐུལ་ཡང་།ངའི་ཁོར་ཡུག་ན་ལྷ་ཚོགས་གྲངས་མེད་ཀྱི་བྱམས་བརྩེ་གྱིས་འཁྱིལ་ཞིང་།ཀུན་རྫོབ་གཉིས་སྣང་མེད།
    ས་བཅུ་ལམ་ལྔ།ཕྱི་ལྷག་ཟུང་འབྲེལ།སྣང་སྟོང་གཉིས་མེད་སོགས་སྨྲ་བསམ་བརྗོད་འདས་ཀྱི་ང་ཁོ་ནར་དབང་བའི་རྟེན་འབྲེལ་ཨ་ལ་ལ་ཧོ།ང་མེད་ཀྱི་ང་ལ་ཅི་ཡང་ཡོད།ལྷང་ངེར།ལྷན་ནེར།གྲོང་ངེར།འདུག་སྟངས་གཞན་གང་ཡང་མེད།གར་སོང་གི་ས་ལ་མེ་ཏོག་བཞད་ཅིང་།གང་གསུང་གི་གཏམ་ལ་འཇོན་ཐང་ལྡན།རྙེད་བྱུང་།ངས་ཚུར་མཐོང་བའི་མི་སྣང་བའི་ཤེས་རབ་སྟེ།མཁྱེན་གསུམ་གསལ་རྗེན་གྱི་རང་སེམས་ངོ་མ་དེ་རྙེད་བྱུང་།ཁ་བ་ལྟར།མེ་ཏོག་ལྟར།སྒྲིབ་གཉིས་ཀྱི་དྲི་མ་ཡེ་ནས་དག་ལ།ཉི་མའི་དཀྱིལ་འཁོར་ལ་གསལ་སྣང་སྟོང་གིས་སྤྲོས་པ་ཤེས།སོང་ཟིན་པ་དང་འབྱུང་འགྱུར་ཡོད་ཚད།རང་བྱུང་ལྷུན་གྲུབ་ཀྱི་གཞི་དབྱིངས་སུ་ཐོལ་གྱིས་ཤར་ནས་ཁད་ཀྱིས་ཡལ། མིག་མེད།རྣ་མེད།ལྕེ་མེད།ཕ་མ་དང་གཉེན་ཉེ།དགྲ་གྲོགས་དང་ལོངས་སྤྱོད།དགའ་སྡུག་དང་འཛིན་ཆགས་མེད།ཐ་ན།ང་ཁྱོད་དང་ཉེ་རིང་སོགས་ཅི་ཡང་མེད་མོད།ང་ལ་གཙང་དག་དག་གི་མ་བཅོས་རང་བྱུང་གི་ཕ་གཞིས་དང་།ཟླུམ་པོར་བཀྲ་བའི་རྣམ་ཤེས།ད་དུང་ཡུམ་སྲས་སོགས་ཅི་ཡང་འཛོམས།བདག་འདུན་གྱི་ཚོགས་ཞི་ཁྲ་ལམ་མེར་རིམ་གྱིས་བསྐྱེད་ཅིང་ཡུན་གཡིས་འདུ།གནས་འདི་རུ་གསལ་ལྷང་ངེར་ཀླུ་སྐད་དབྱངས་སུ་བཀུག་ཆོག་ཅིང་།ངག་འདར་འདར་གྱི་གདུང་འབོད་རི་ཀླུང་འབུམ་ཕྲག་གི་ཕ་རོལ་དུ་སྐྱེལ་ཆོག་ན།མིག་ཟུང་བཙུམས་ཏེ་རྣ་བ་གཏན་ནས་འགེབ་མི་སྲིད།
    ངའི་དུས་ཚིགས་ལ་དབྱར་དགུན་དང་།ངའི་མི་ཚེ་ལ་གོ་རིམ་སོགས་ཀྱིས་སྟོང་ནའང་ཐོབ་འདོད་པ་གཞན་གང་ཡང་མེད།རྩ་ལམ་རེ་རེ་ན་ལྷོག་ལྷོག་ཏུ་ཁོལ་བ་ནི་ཐབས་མཁས་ཐུགས་རྗེ་ཡི་ཨ་མ་ལྟ་བུའི་འོ་དྲི་ཡིན།ད་ངས་ཁ་རོག་གེར་རྨི་ལམ་ལ་རོལ་ན་ཁྱོད་ཀྱི་ས་སྲོས་ལ་གཤག་བཅོས་ཐེངས་ཤིག་བྱེད་ན་འདོད།མིག་གསུམ་པ་ཞིག་འདི་ལྟར་དཔྲལ་ངོས་བབས་པས།ང་ལ་ཚོད་ཚོད་ལ་དར་ལྕེ་བཞིན་སྐྲག་འདར་ཐེབས།རང་བྱུང་མའི་རྡུལ་བྲལ་དྲི་མ་དག།བྱ་དངོས་ཡོངས་རྫོགས་ལ་འགྲེལ་ལུགས་གསར་བ་རྙེད་བྱུང་།སླར་ཡང་།ཨ་ཨ།ཡོད་ཚད་ནམ་མཁའ་ནས་ཐིག་ལེར་ཐིམ།
 མིག་གསུམ་པ།

  • ལེ་ཚན་སྔོན་མ།: གཟའ་ཉི་མ།
  • ལེ་ཚན་རྗེས་མ།: དེ་རིང་ཡང་བསྐྱར་དགེ་འདུན་ཆོས་འཕེལ་དྲན།