ཁུལ་སྲིད་གྲོས་ཀྱིས་ཡུག་གཅིག་ཏུ་འབྲེལ་བའི་དབུལ་སྐྱོར་གསར་སྦོལ་ལས་ཀར་བརྟག་ཞིབ་བྱས།

ཀུན་དགས་བསྒྱུར།        2013-09-03

མིག་སྔར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསུམ་གྱིས་སྣེ་ཁྲིད་འོག ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཁུལ་དང་རྫོང་མཉམ་འབྲེལ་བྱས་མཐར།གྲོང་ཚོ་དང་དུད་ཚང་དུ་ཕྱིན་པའི་བྱེད་ཐབས་སྤྱད་དེ་ཉིན་བཅུ་ལྷག་གི་རིང་ལ་ཡུག་གཅིག་ཏུ་འབྲེལ་བའི་དབུལ་སྐྱོར་གསར་སྦོལ་ལས་ཀར་བརྟག་དཔྱད་ཞིབ་འཇུག་བྱས་པ་རེད། དབུལ་ཕོངས་རྫོང་ཁག15ཡི་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་གྱི་དབུལ་སྐྱོར་གསར་སྦོལ་གྱི་གནས་ཚུལ་མཐིལ་རྟོགས་བྱས་པ་དང་།དབུལ་སྐྱོར་གསར་སྦོལ་གྱི་ལས་ཀར་བྱེད་ཐབས་བཏོན་པ་རེད།
    བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཉན་པ་དང་། འཚམས་འདྲི། ལྟ་སྐོར། གྲོས་བསྡུར། ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཆུ་དང་ས་གནས། ལམ། སློབ་གསོ། སྨན་བཅོས། འཕྲོད་བསྟེན། གནས་སྤོ་ཡུལ་མི་སོགས་ཀྱི་གནས་ཚུལ་སྐོར་རྫོང་སོ་སོའི་མིག་སྔའི་དབུལ་ཕོངས་ཀྱི་གནས་ཚུལ། དབུལ་སྐྱོར་ལས་ཀ་སྤེལ་ཚུལ། གཙོ་གནད་དབུལ་སྐྱོར་རྣམ་གྲངས་འཛུགས་སྐུན་་བྱ་རྒྱུར་སྐུལ་འདེད་གཏོང་སྟངས། སྤྱི་ཚོགས་ཕན་འབྲས་སོགས་ཀྱི་ཐད་ལ་ཆ་རྒྱུས་ལོན་པས་མ་ཚད། རྫོང་ཁག་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ལས་ཀའི་སྙན་ཞུར་ཉན་པ་དང་ཆབས་ཅིག ཤང་དང་གྲོང་རྡལ། སློབ་གྲྭ འཕྲོད་བསྟེན་ཁང་། གྲོང་དམངས་ཨུ་ལྷན། དབུལ་ཕོངས་ཞིང་འབྲོག་ཁ་ཤས་ཀྱི་ཁྱིམ་དུ་སོང་ནས་འཚམས་འདྲི་དང་བརྟག་དཔྱད་ཞིབ་འཇུག་བྱས། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་རྒྱ་ཁྱབ་ཏུ་བསྡུར་ལེན་བྱས་ཡོད་པ་རེད།བྲག་འགོ་རྫོང་ཉི་མོ་ཤང་གངས་ལྗོངས་འོ་སེར་ཇ་འདེབས་འཛུགས་བྱེད་སའི་རྟེན་གཞི་དང་།འབའ་ཐང་རྫོང་རྡོ་གཞོང་ཤང་ཀྲུང་ཏན་སྡེ་བ། སྡེ་རོང་རྫོང་གི་གཡས་མདོ་ཤང་སོགས་ཀྱི་ཡུལ་དངོས་སུ་དབུལ་སྐྱོར་ཐོན་ལས་ཚན་པ་གཅིག་དང་།གྲོང་ཚོ་ཧྲིལ་པོར་སྐུལ་སྤེལ་གཏོང་བ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་རྣམ་གྲངས་ལྟ་ཞིབ་བྱས། ཁུལ་དེའི་མིག་སྔའི་དབུལ་སྐྱོར་གསར་སྦོལ་ལས་ཀའི་གནས་ཚུལ་དང་དཀའ་གནད་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།
    བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ལོ་རྒྱུས་དང་།ས་ཁམས། རང་བྱུང་ཁོར་ཡུག་སོགས་རྐྱེན་གྱིས་མིག་སྔར་དཀར་མཛེས་ཁུལ་གྱི་དབུལ་ཕོངས་གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ཞིང་དབུལ་སྐྱོར་ལས་ཀའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་བ་རེད། ན་ནིང་ལོར་ཁུལ་ཡོངས་་ཞིང་འབྲོག་མི་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར4600ཡིན་པ་དང་།དེའི་ནང་སྒོར3000ཡས་མས་རྒྱལ་ཁབ་ཀྱི་སྲིད་ཇུས་རང་བཞིན་ཀྱི་ཁ་གསབ་མ་དངུལ་རེད། ཁྱིམ་ཚང་གི་ལོ་རེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར2300མན་ཆད་ཡིན་པས་ཁུལ་ཡོངས་ཀྱི་ཞིང་འབྲོག་པའི་མི་འབོར་སྤྱིའི་གྲངས་ཀ་ལས་བརྒྱ་ཆ47ཟིན་པ་རེད།རྒྱ་ཆེའི་ཞིང་འབྲོག་ས་ཁུལ་གྱི་དཔའ་འབྱོར་འཕེལ་འཕེལ་རྒྱས་རྗེས་ལུས་ཡིན་པ་དང་།འཚོ་གནས་ཀྱི་ཁོར་ཡུག་ཆ་རྐྱེན་ཞན་པ། རྨང་གཞིའི་སྒྲིག་ཆས་ཉམས་ཞན་ཡིན་པ། སྤྱི་ཚོགས་བྱ་གཞག་དང་སྤྱི་པའི་ཞབས་ཕྱི་རྗེས་ལུས་ཡིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྤེལ་ཡོང་སྤར་གྱི་ཐབས་ལམ་ཁེར་རྐྱང་ཡིན་པ་ཡིན་པས་མ་ཚད །“གནམ་ལ་བརྟེན་ནས་འདེབས་འཛུགས་དང་གནམ་ལ་བརྟེན་ནས་ཕྱུགས་གསོ་ཚགས་བྱེད་པའི”གནས་ཚུལ་ཚབས་ཆེ་ཡིན་པ་རེད། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་ཧ་ཅང་རྗེས་ལུས་ཡིན་པ་དང་། ཡོངས་ཁྱབ་ཏུ་སྨན་པ་དཀོན་པ་དང་སྨན་ཉུང་བ། སྨན་ཡོན་སྤྲོད་རྒྱུ་མེད་པ་དང་ནད་ན་བའི་རྐྱེན་གྱིས་ཡང་དུ་དབུལ་ཕོངས་གྱུར་པའི་གནས་ཚུལ་སོགས་གནས་ཡོད་པ་རེད།
  • ལེ་ཚན་སྔོན་མ།:ཉག་ཆུ་རྫོང་གིས་སྟོང་ཧྥུ220ཅན་གྱི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭ་སྤེལ་འགོ་ཚུགས།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་གིས་གཞུང་བསྡུ་ས་ཆར་སྐྱིན་ཚབ་མ་དངུལ་སྤྲད།
  • དོ་སྣང་ཆེ་བའི་རྩོམ།