ཧུའུ་ཁྲང་ཧྲེང་གིས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་རང་ཁུལ་གྱི་མང་ཚོགས་ལས་ཀ་སྒྲུབ་ཚུལ་སྙན་སེང་ཞུ།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-09-03

ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་བླང་བྱ་ལྟར།ལས་ཁུངས་ཀྱི་ལས་བྱེད་པ་ལ་གནས་བབ་གསར་པའི་འོག་གི་བོད་ཁུལ་ལས་ཀའི་དོན་དངོས་ལ་ཆ་རྒྱུས་ལོན་པ་དང་།ཏང་ཡོན་ལས་བྱེད་པའི་གཞི་རིམ་གྱི་མང་ཚོགས་ལས་ཀ་ཡག་པོ་སྒྲུབ་པའི་འཇོན་ནུས་ཇེ་དྲག་གཏོང་བ།ལས་ཁུངས་ཀྱིས་མང་ཚོགས་སློབ་གསོ་ལག་ལེན་དངོས་ཀྱི་བྱེད་སྒོ་རྒྱུན་ཆད་མེད་པར་སྐུལ་འདེད་ཟབ་མོ་གཏོང་ཆེད།ཟླ་བ8པའི་ཚེས27ཉིན་གྱི་སྔ་དྲོར།ཞིང་ཆེན་ཏང་ཨུས་གདན་འདྲེན་ཞུས་པ་ལྟར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཆེད་དུ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་རུ་ཕེབས་ནས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་ལ་མང་ཚོགས་ལས་ཀའི་ཆེད་དོན་སྙན་སེང་ཞུས་པ་རེད།
    ཁོང་གིས་བསྟན་དོན།ལོ་གཅིག་རིང་ལ་དཀར་མཛེས་ཁུལ་གྱི་མང་ཚོགས་ལས་ཀའི་ལག་ལེན་ནང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་།ཞིང་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་།ཁུལ་ཡོངས་ཀྱི་གཞུང་ཞབས་པ་དང་ལས་སྒྲུབ་མི་སྣ་ཁྲི5ལྷག་ཙམ་གྱིས་བརྩེ་སེམས་ཕུལ་ཡོད།མང་ཚོགས་ལས་ཀའི་གནས་བབ་གསར་པའི་བླང་བྱ་དང་ཐུག་དུས་ང་ཚོས་ལྷག་བསམ་རྣམ་དག་གིས་རྒྱལ་གཅེས་བྱེད་པ་དང་དགེ་སྒྲུབ་རོགས་རམ་བྱེད་པ་ཡིན།དོན་གཉེར་གསར་སྐྲུན།བློ་བརྟན་འགྱུར་མེད་ཀྱིས་མདུན་སྐྱོད་བྱེད་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་ནུས་ཤུགས་བཏོན་ནས་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པར་སྐུལ་འདེད་གཏོང་བའི་ཁྲོད་དུ་སྐྱེ་ཁམས་མཛེས་སྡུག་དང་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གྱི་འབྱུང་འགྱུར་གྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས།
  • ལེ་ཚན་སྔོན་མ།:ཐེངས་དང་པོའི་ཁམས་པའི་རིག་གནས་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་སྟོང་ཧྥུ220ཅན་གྱི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭ་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།