ཙོང་ཆུའི་བཞུར་རྒྱུད་ཀྱི་མུའུ་ཁྲི་བརྒྱའི་མིས་བཟོས་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ།

རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།    མཚོ་སྔོན་གསར་འགྱུར་དྲ་བ།    2013-09-02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན། རྒྱལ་ཁབ་ནགས་ལས་ཅུའུ་བྱང་གསུམ་འགོག་རགས་ནགས་ཚལ་འཛུགས་སྐྲུན་ཅུའུ་ཡིས་ཆོག་མཆན་ཐོབ་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱིས་ཙོང་ཆུའི་བཞུར་རྒྱུད་ཀྱི་མུའུ་ཁྲི་བརྒྱའི་མིས་བཟོས་ནགས་ཚལ་རྟེན་གཞི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ལས་གཞི་འདི་འཛུགས་སྐྲུན་བྱས་རྗེས་མཚོ་སྔོན་གྱིས་མཐོ་སྒང་སྐྱེ་ཁམས་ལེགས་བཅོས་ལ་འཚོལ་ཞིབ་བྱེད་པ་དང་དེང་རབས་མཐོ་སྒང་ནགས་ལས་ཀྱི་རྣམ་པ་གསར་བ་འཛུགས་པར་དཔེ་སྟོན་སྐུལ་ཁྲིད་ནུས་པ་དང་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པ་ལྡན་ཡོད།

མཚམས་སྦྱོར་བྱས་པ་ལྟར་ན། ལས་གཞི་འདི་ཟི་ལིང་གྲོང་ཁྱེར་གྱི་ཁུལ་བཞིའི་རྫོང་གསམ་དང་མཚོ་ཤར་གྲོང་ཁྱེར་གྱི་ཕིན་ཨན་དང་ཧུའུ་ཀྲུའུ། ལི་ཏུའུ། མིན་ཧི་རྫོང་བཅས་ལ་ཁྱབ་ཡོད། དེས་ཞིང་ལས་ཐོན་སྐྱེད་ལ་སྐུལ་འདེད་དང་ས་ཁོངས་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། ས་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་རྩ་བའི་ལས་འགན་དུ་བརྩིས་ནས། ས་ཆུ་ནུས་པ་སྲུང་འཛིན་དང་ཆུ་མགོའི་ཆུ་གསོག་གཙོ་གནད་དུ་བཟུང་སྟེ། ལ་ཟེ་ཝ་དང་ཏ་པན་ཧྲན་ཆུ་མགོའི་ཆུ་གསོག་ལ་གཙོ་བོར་བཟུང་ནས་གྲོང་རྡལ་མཐའ་འཁོར་གྱི་འགོག་རགས་ནགས་ཚལ་འཛུགས་སྐྲུན་དང་ཙོང་ཆུའི་བཞུར་རྒྱུད་ཀྱི་དཔལ་འབྱོར་ནགས་ཚལ་འཛུགས་སྐྲུན་བྱེད་པའི་ཞོར་དུ། ཟི་ལིང་དང་མཚོ་ཤར་བཅས་གྲོང་ཁྱེར་གཉིས་ཀྱི་མངའ་འཁོངས་སུ་རྒྱ་ཁྱོན་ལ་མུའུ་ཁྲི100ཡོད་པའི་ཕྱོགས་བསྡུས་འགོག་རགས་ནགས་ཚལ་འཛུགས་སྐྲུན་བྱེད་པ་དང་། ལས་གཞི་འཛུགས་སྐྲུན་དུས་ཡུན་ནི2013ལོ་ནས2017ལོའི་བར་གྱི་ལོ་ལྔ་ཡིན།

  • ལེ་ཚན་སྔོན་མ།:མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་བསྟུད་མར་ཇེ་མང་དུ་སོང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕེན་གྱིས་ཧྲིན་དབྱང་གཡུལ་འགྱེད་ཁུལ་དམག་དཔུང་གི་བྱ་བར་རྟོག་ཞིབ་མཛད།
  • དོ་སྣང་ཆེ་བའི་རྩོམ།