༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་ཀན་ལྷོ་ཁུལ་གཙོས་སུ་གཟབ་རྒྱས་ངང་འཚོགས།

བཀྲ་ཤིས།        2013-09-01

༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་

                                                         ཚོགས་རའི་ཡུལ་དངོས།

༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་

                            ཀན་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་གསུང་བཤད་གནང་བ།

༼ཀན་ལྷོའི་ཉིན་རེའི་གསར་འགྱུར༽བཏོན་ནས་ལོ་འཁོར་༦༠་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་
ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་ཞུའེ་ཧུ་ཡིས་ཤིས་ཚིག་འབུལ།
༼ཀན་ལྷོའི་ཉིན་རེའི་གསར་འགྱུར་༽བཏོན་ནས་ལོ་འཁོར་༦༠ལོན་པའི་རྟེན་འབྲེལ་མཛད་སྒོ་དང་རྒྱལ་ཡོངས་ཀྱི་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་ཐེངས་བཅུ་གསུམ་པ་ནི་སྤྱི་ཟླ་༩པའི་ཚེས་༡ཉིན་ལ་ཀན་ལྷོ་ཁུལ་གཙོས་སུ་གཟབ་རྒྱས་ངང་འཚོགས་པ་རེད།  ཚོགས་འདུ་རུ་ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཀྲང་ཞུའེ་ཧུ་ཡིས་ཤིས་ཚིག་ཕུལ་ལ་རྒྱ་ཡིག་རྩོམ་སྒྲིག་པ་དང། བོད་ཡིག་ལོ་ཙཱ་བ། གསར་འགོད་པ་བཅས་ཀྱི་འཐུས་མི་རྣམས་ཀྱིས་རང་རང་སོ་སོའི་ལས་དོན་གྱི་མྱོང་ཚོར་དང་སྦྲགས་ནས་གསུང་བཤད་གནང་བ་དང་། ཀན་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཀྲང་བཀྲ་ཤིས་འཚོ་ཡིས་ཀན་ལྷོའི་ཉིན་རེའི་གསར་འགྱུར་གྱི་འདས་ཟིན་པའི་གྲུབ་འབྲས་དང་ད་ལྟའི་གོ་སྐབས་བཅས་ཀྱི་ཐད་ལ་གསུང་བཤད་གལ་ཆེན་གནང་ལ་མ་འོངས་པར་རེ་བ་ཆེན་པོ་བཅངས་པ་རེད།  ཐེངས་འདིའི་ཚོགས་འདུ་རུ་རྒྱལ་ཡོངས་ཀྱི་བོད་ཡིག་ཚགས་པར་ཁང་དང་། བརྙན་འཕྲིན་ཁང་། དུས་དེབ་ཁང་སོགས་ཀྱི་དབུ་ཁྲིད་དང་རྩོམ་སྒྲིག་པ་རྣམས་མཉམ་དུ་འཛོམས་ནས་ཉིན་ལྔའི་རིང་ལ་བོད་ཡིག་སྨྱན་སྦྱོར་དང་།  ཐ་སྙད་གསར་པ་གཅིག་གྱུར་བཅས་ཀྱི་སྐོར་ལ་གྲོས་མོལ་དང་ཕུལ་བྱུང་གི་གསར་འགྱུར་བརྩམས་ཆོས་སོགས་གདམ་ག་བྱ་རྒྱུ་རེད།
 

 

  • ལེ་ཚན་སྔོན་མ།:ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་བཀའ་ཁྱབ་སྟེང་མིང་བཀོད་དེ་ལས་ཁུངས་གཉིས་དང
  • ལེ་ཚན་རྗེས་མ།:མཚོ་སྔོན་པོའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་བསྟུད་མར་ཇེ་མང་དུ་སོང་།
  • དོ་སྣང་ཆེ་བའི་རྩོམ།