ལིས་ཁི་ཆང་གིས་མདོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

        2013-08-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ8པའི་ཚེས28ཉིན་མདོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། བདེ་ཐང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་བར་བཀོད་སྒྲིག་བྱས་པ་དང་། ཡིད་རྟོན་དངུལ་བུན་རྒྱུ་ནོར་དངུལ་འཛིན་ཅན་དུ་བསྒྱུར་བའི་ཚོད་ལྟ་སྔར་ལས་རྒྱ་བསྐྱེད་རྒྱུའི་ཐག་བཅད།

གྲོས་ཚོགས་སྟེང་བསྟན་དོན། བདེ་ཐང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་ན། གཙོ་བོར་མཁོ་སྤྲོད་ཇེ་མང་དུ་གཏོང་བ་དང་རྒྱུ་སྤུས་ལ་ཁག་ཐེག་བྱེད་དགོས་ལ། བཅོས་བསྒྱུར་གསར་བསྐྲུན་བྱེད་པར་རྒྱབ་རྟེན་བྱེད་དགོས་པ་སྟེ། གཅིག་ནས་བྱེད་ཐབས་སྣ་མང་སྤྱད་དེ་བདེ་ཐང་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། གཉིས་ནས་བདེ་ཐང་རྒན་གསོའི་ཞབས་ཞུའི་ལས་རིགས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། གསུམ་ནས་ཚོང་ལས་བདེ་ཐང་ཉེན་ཚབ་ཐོན་རྫས་ཕུན་སུམ་ཚོགས་པར་གཏོང་དགོས། བཞི་ནས་འབྲེལ་ཡོད་རྒྱབ་རྟེན་ཐོན་ལས་སྐྱེད་སྲིང་བྱེད་དགོས་ཟེར།

གྲོས་ཚོགས་སྟེང་བསྟན་དོན། བརྟན་འཇགས་སྒོས་ཐོན་ཚད་འཕར་སྣོན་བྱེད་པ་དང་། གྲུབ་ཚུལ་ལེགས་སྒྲིག་བྱེད་པ། བཅོས་བསྒྱུར་ལ་ཡར་སྐུལ་གཏོང་བ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་དེ་དངུལ་ལོར་རྒྱབ་སྐྱོར་ལ་ནུས་པ་གལ་ཆེན་ལྡན་ཞིང་། ཡིད་རྟོན་དངུལ་བུན་རྒྱུ་ནོར་དངུལ་འཛིན་ཅན་དུ་བསྒྱུར་བའི་ཚོད་ལྟ་སྔར་ལས་རྒྱ་བསྐྱེད་པ་ནི་དངུལ་ལོར་གྱིས་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་རྣམ་པ་བསྒྱུར་བ་དང་རིམ་པ་འཕར་བའི་འཐབ་ཇུས་དང་བཀོད་སྒྲིག་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་པ་ཡིན་ལ། རིམ་པ་མང་པོའི་མ་རྩ་ཚོང་རའི་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ཞིག་ཀྱང་ཡིན་ཟེར།།

  • ལེ་ཚན་སྔོན་མ།:ཐུན་རིན་རྫོང་གིས་གསར་འགྱུར་འཕྲིན་གཏོང་གི་རྩོམ་འབྲིའི་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
  • ལེ་ཚན་རྗེས་མ།:ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེ
  • དོ་སྣང་ཆེ་བའི་རྩོམ།