ཐུན་རིན་རྫོང་གིས་གསར་འགྱུར་འཕྲིན་གཏོང་གི་རྩོམ་འབྲིའི་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།

རིན་ཆེན་མཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-08-30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་གསར་འགྱུར་འཕྲིན་གཏོང་བའི་གཞུང་ལུགས་སྤུས་ཚད་དང་རྩོམ་འབྲིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། དྲིལ་སྒྲོག་རྐང་འཛིན་པ་ཁག་ཅིག་སྐྱེད་བསྲིང་བྱས་ནས། བྱང་ཚད་མཐོ་བའི་དྲིལ་སྒྲོག་དཔུང་སྡེ་ཞིག་སྐྱེད་བསྲིང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་གིས་ཉེ་ལམ་གསར་འགྱུར་འཕྲིན་གཏོང་བའི་རྩོམ་འབྲིའི་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་སོ་སོ་དང་། རྫོང་ཐད་གཏོགས་ལས་ཁུངས་སོ་སོ་ནས་ཡོང་བའི་གསར་འགྱུར་འཕྲིན་གཏོང་བ་དྲུག་ཅུ་ལྷག་གསོ་སྦྱོང་ཁྲོད་ཞུགས།

ཐེངས་འདིའི་གསར་འགྱུར་འཕྲིན་གཏོང་བའི་གསོ་སྦྱོང་འཛིན་གྲྭས་མཚོ་སྔོན་ཉིན་རེའེ་ཚགས་པར་ཁང་སོགས་ཞིང་ཆེན་ནང་ཁུལ་གྱི་གསར་འགྱུར་ལས་ཁུངས་གཙོ་བོའི་ཆེད་མཁས་པ་གདན་འདྲེན་བྱས་ནས་སློབ་ཁྲིད་བྱས། ཉིན་གཉིས་རིང་གི་གསོ་སྦྱོང་ཁྲོད། ཆེད་དུ་ཞིང་ཆེན་རིམ་པའི་གསར་འགྱུར་ལས་ཁུངས་ཀྱིས་ས་གནས་གསར་འགྱུར་བཀོལ་བའི་ཚད་ཇེ་མཐོར་གཏོང་བ་དང་། བརྙན་འཕྲིན་གསར་འགྱུར་འབྲི་སྟངས་དང་བཀོལ་སྤྱོད། གཞུང་ཡིག་འབྲི་ཚུལ་གྱི་རྨང་གཞིའི་ཤེས་བྱ་སོགས་གསར་འགྱུར་དང་གཞུང་ཡིག་འབྲི་ཚུལ་སྐོར་ནས་སློབ་ཁྲིད་བྱས།

སློབ་སྦྱོང་བྱས་རྗེས་སློབ་མ་ཚོས་མི་དམངས་མང་ཚོགས་ཀྱི་དངོས་ཡོད་ལག་ལེན་དང་ཉམས་མྱོང་གསོན་པོ་དྲིལ་སྒྲོག་བྱེད་པ་དང་། བརྗོད་དོན་འབུར་དུ་ཐོན་ཞིང་ནང་དོན་ཕུན་སུམ་སོགས་པའི་མང་ཚོགས་ཀྱིས་ཉན་སྤྲོ་བའི་གསར་འགྱུར་དང་གསར་འགྱུར་ལེ་ཚན་མང་པོ་ལས་རྒྱུ་ཡིན་ཟེར། །

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་བསྡུས།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་མདོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།
  • དོ་སྣང་ཆེ་བའི་རྩོམ།