མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་བསྡུས།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2013-08-30

ཟླ8པའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དུ་གཟབ་རྒྱས་ངང་ཚོགས་ཤིང་། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་པ859ལྷག་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་རེད།
        རྒྱུས་ལོན་པ་ལྟར་ན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་དུས་ཡུན་ཉིན5ལ་སྤེལ་བ་ཡིན་ཞིང་། དེར་སླེ་གྲུག་འགྲན་བསྡུར་དང་། དྲག་རྩལ། ཐག་འཐེན། བྱེ་ཁུག་ཡར་འདེགས། མི་རིགས་ཀྱི་མདའ་རྩེད། འཇུ་རེས། སྐྱ་རྩལ། གཡག་འགྲན་སོགས་རྣམ་གྲངས་ཆེ་བ9དང་ཆུང་བ55འདུས་པ་དང་། བོད་རིགས་དང་། སོག་རིགས། ཧོས་རིགས། ཧོར་རིགས། ཟ་ལར་རིགས། མན་ཇུའི་རིགས་སོགས་གྲངས་ཉུང་མི་རིགས་ཀྱི་འགྲན་བསྡུར་རུ་ཁག10ཡོད་པ་རེད། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའི་འགོ་གཙོ་གཞོན་པ་ཚེ་རིང་ཐར་གྱིས་བཤད་རྒྱུར། ལོ་བཞི་ལ་ཐེངས་རེར་སྤེལ་བའི་མི་རིགས་ལུས་རྩལ་འགྲན་ཚོགས་ནི་མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་ཆེས་མཐོ་ཞིང་གཞི་རྒྱ་ཆེས་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཆེན་མོ་ཞིག་ཡིན་ཞིང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ངོམ་པའི་བྱ་འགུལ་གལ་ཆེན་ཞིག་ཀྱང་ཡིན།
  • ལེ་ཚན་སྔོན་མ།:«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»པར་བསྐྲུན་འགྲེམ་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:ཐུན་རིན་རྫོང་གིས་གསར་འགྱུར་འཕྲིན་གཏོང་གི་རྩོམ་འབྲིའི་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།