«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»པར་བསྐྲུན་འགྲེམ་སྤེལ་བྱས་པ།

བསོད་ནམས་ལྷ་མོ།    མཚོ་སྔོན་པོ་དྲ་བ།    2013-08-28

«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»པར་བསྐྲུན་འགྲེམ་སྤེལ་བྱས་པ།

«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»པར་བསྐྲུན་འགྲེམ་སྤེལ་བྱས་པ།

ཉེ་ཆར། ཧོར་ཀྱའི་ནོར་བུས་རྩོམ་སྒྲིག་བྱས་པའི་མཚོ་ལྷོའི་ཁྲི་ཀའི་ཡུལ་གྱི་ལོ་རྒྱུས་རིག་གནས་ཞིབ་འཇུག་དང་མཚམས་སྦྱོར་བྱེད་པའི་ལོ་རྒྱུས་དེབ་ཐེར་ཏེ«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»ཞེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།

«ཁྲི་ཀའི་བོད་ཀྱི་ལོ་རྒྱུས་མདོར་བསྡུས»ཁྲོད་ཁྲི་ཀའི་ལོ་རྒྱུས་ཞིབ་རྒྱས་དང་། ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་ཁྲི་ཀའི་གནའ་མཁར། ཚོ་བ་དང་སྡེ་བའི་ལོ་རྒྱུས། དམངས་ཁྲོད་རིག་རྩལ། བོད་ལུགས་གསོ་རིག དཔལ་འབྱོར་སོགས་ལེའུ་བཅུ་གཉིས་སུ་བགོས་ནས་ཁྲི་ཀའི་ཡུལ་གྱི་བོད་ཀྱི་ལོ་རྒྱུས་དང་སྲོལ་རྒྱུན་རིག་གནས། མི་རིགས་ཀྱི་བརྗེ་སྤོ། ད་ལྟའི་གནས་བབ་སོགས་ཕྲ་ཞིང་ཞིབ་པར་མཚམས་སྦྱོར་བྱས་ཡོད། དཔེ་དེབ་འདིས་ཁྲི་ཀའི་ཡུལ་གྱི་བོད་ཀྱི་ལོ་རྒྱུས་དང་དམངས་སྲོལ་རིག་གནས་ཞིབ་འཇུག་དང་སྲུང་སྐྱོབ། རྒྱུན་འཛིན་བཅས་བྱེད་པར་ནུས་པ་ཆེན་པོ་ལྡན་ཞིང་། ཁྲི་ཀའི་བོད་ཀྱི་ལོ་རྒྱུས་གཞིར་བྱས་ནས་བསྒྲིགས་པའི་དེབ་ཐེར་ཐོག་མ་ཡིན་པས། ཁྲི་ཀར་བོད་ཀྱི་ལོ་རྒྱུས་དེབ་ཐེར་མེད་པའི་སྟོང་ཆ་བསྐང་ཐུབ།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་བོད་ཀྱི་ལ་གཞས་འགྲན་བསྡུར་སྐབས་དགུ་བ་གསེར་ཆེན་རྫོང་དུ་སྤེལ།
  • ལེ་ཚན་རྗེས་མ།:མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།