ཉག་རོང་རྫོང་གིས་རྒྱ་ཙོང་འདེབས་འཛུགས་བྱས་ཏེ་མི་དམངས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བསྐྲུན།

ཀུན་དགས་བསྒྱུར།        2013-08-27

ད་ལོར། ཉག་རོང་རྫོང་པང་སྨད་ཤང་གིས་རྒྱ་ཙོང་འདེབས་འཛུགས་ཀྱི་ལས་ཀ་དེ་ཏང་ཨུ་སྲིད་གཞུང་གི་ལས་ཀ་གཙོ་བོར་བཞག་ནས་ཤང་དེའི་ཞིང་ལས་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་དང་།ཞིང་པའི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་ས་བྱས་ཏེ་ཏང་ཨུ་ཧྲུའུ་ཅིས་ཚོ་དཔོན་བྱས་པའི་རྒྱ་ཙོང་དོ་དམ་དང་སྲུང་སྐྱོང་གི་ལས་སྒྲུབ་ཚོ་ཆུང་བཙུགས་ནས་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་ལག་རྩལ་མི་སྣས་ཁྲིད་སྟོན་བྱས་འོག་ཞིང་ཁ་དོ་དམ་དང་ལྟ་སྐྱོང་གི་ལས་ཀ་ཡག་པོ་བྱས་ཏེ་ཐོན་འཕར་ཡོང་འཕར་ཡོང་གང་ཐུབ་བྱེད་པ་རེད།
    རྒྱ་ཙོང་འདེབས་འཛུགས་ཀྱི་ལས་ཀར་གྲུབ་འབྲས་ཐོབ་མིན་ནི་ཤང་དེའི་ཞིང་ལས་ཐོན་ལས་ཆགས་ཚུལ་ལེགས་སྒྲིག་དང་འབྲེལ་བ་ཐད་ཀ་ཡོད་ལ་ཞིང་པའི་ཡོང་འབབ་འཕར་སྣོན་ཕྱུག་འགྱུར་ཡོང་བར་ཡང་འབྲེལ་བ་ཐད་ཀ་ཡོད་པ་རེད། པང་སྨད་ཤང་ཏང་ཨུ་སྲིད་གཞུང་གིས་ཞིབ་འཇུག་དང་གཏན་འཁེལ་ནན་ཏན་བྱས་པར་བརྒྱུད།སྣེ་ཁྲིད་དང་སྐུལ་ཁྲིད། དཔེ་སྟོན་བཅས་ཀྱི་ནུས་པ་དངོས་གནས་ཐོན་ཐུབ་ཆེད་ད་ལོར་ཤང་དེའི་ལས་བྱེད་པ་དང་ལས་བཟོ་རྣམས་ཀྱིས་སྣེ་ཁྲིད་ནས་རྒྱ་ཙོང་འདེབས་འཛུགས་དང་ཞིང་པ་མང་ཚོགས་ལས་ཀ་དེའི་ནང་ཧུར་ཐག་ཞུགས་པ་རེད། དུས་སྐབས་སྔ་མའི་རྒྱ་ཙོང་འདེབས་འཛུགས་ཀྱི་བརྒྱུད་རིམ་ཁྲོད་དུ་ལས་བྱེད་པ་དང་ལས་བཟོ་རྣམས་ཀྱིས་ངལ་བ་དང་ཚ་གདུང་ལ་མ་འཛེམས་པར་འབད་བརྩོན་ལྷོད་མེད་བྱས་ཡོད་ཀྱང་འདེབས་འཛུགས་ཀྱི་ལས་ཀར་ཉམས་མྱོང་མི་འདང་བའི་ཕན་རྐྱེན་གྱིས་སྤོས་འཛུགས་བྱས་པའི་རྒྱ་ཙོང་གི་སྐྱེ་ཚུལ་མི་ལེགས་པ་དང་ཐ་ན་ལ་ལ་སྐམ་ནས་མེད་པ་གྱུར་བའི་གནས་ཚུལ་བྱུང་བ་རེད། དེ་རྗེས་ཤང་ཏང་ཨུ་སྲིད་གཞུང་གིས་ཞིང་འབྲོག་ཆེད་ལས་ལག་རྩལ་མི་སྣ་གདན་འདྲེན་བྱས་ནས་འདེབས་འཛུགས་ཀྱི་ལས་ཡུལ་དངོས་སུ་ཁྲིད་སྟོན་བྱས་པ་དང་། ས་བོན་ཁ་གསབ་དང་ལུད་དང་ཆུ་དང་ས་ལ་སོགས་པ་འོས་འཚམ་བྱས་མཐར་གཞི་ནས་རྒྱ་ཙོང་གི་སྐྱེ་ཚུལ་ཇེ་ཡག་ཏུ་འགྲོ་བ་རེད།
  • ལེ་ཚན་སྔོན་མ།:སྡེ་དགེ་རྫོང་གིས་འབྲུ་འདེབས་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི60.29འགྲེམ་གཏོང་བྱས།
  • ལེ་ཚན་རྗེས་མ།: ཕྱག་ཕྲེང་རྫོང་གི་དུད་ཚང་སྟོང་བཞི་ལྷག་གིས་བློས་འཁེལ་བའི་རང་འབབ་ཆུ་འཐུང་རྒྱུ་རག
  • དོ་སྣང་ཆེ་བའི་རྩོམ།