སྡེ་དགེ་རྫོང་གིས་འབྲུ་འདེབས་ཁ་གསབ་ཀྱི་མ་དངུལ་སྒོར་ཁྲི60.29འགྲེམ་གཏོང་བྱས།

ཀུན་དགས་བསྒྱུར།        2013-08-27

ཏང་གི་དམངས་ཕན་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་ཆེད། ཉེ་ཆར། སྡེ་དགེ་རྫོང་ནོར་སྲིད་སོགས་སྡེ་ཁག་གིས་ལས་སྒྲུབ་ཚོ་ཆུང་བཙུགས་ཏེ་ཞིང་ལས་ཤང13དུ་འགྲོ་ནས་འབྲུ་འདེབས་ཁ་གསབ་ཀྱི་མ་དངུལ་འགྲེམ་གཏོང་བྱས་པ་རེད། མ་དངུལ་འབྲུ་འདེབས་ཞིང་པའི་ལག་ཏུ་སྤྲོད་ཐུབ་པ་བྱེད་ཆེད་ལས་སྒྲུབ་ཚོ་ཆུང་གིས་འགྲེམ་གཏོང་མིང་ཐོ་བཟོས་པའི་རྨང་གཞིའི་ཐོག་ཤང་དང་གྲོང་རྡལ།གྲོང་ཚོ་བཅས་ཀྱི་ཞིང་པ་མང་ཚོགས་དང་འབྲུ་འདེབས་ཁ་གསབ་མ་དངུལ་འགྲེམ་གཏོང་གི་ཁས་ལེན་ཡིག་ཆ་འཇོག་ནས2012ལོའི་འབྲུ་འདེབས་ཁ་གསབ་མ་དངུལ་སྒོར་ཁྲི60.29ཞིང་དུད8354ཡི་ལག་ཏུ་སྤྲད་པས་འབྲུ་འདེབས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་ཇེ་མཐོར་བཏང་བ་དང་རྫོང་དེའི་འབྲུ་རིགས་ཐོན་འཕར་དང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་རྨང་གཞི་བརྟན་པོ་བཏིང་པ་རེད།
  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་དམངས་ཕན་ཞིང་ཕན་གྱི་མ་དངུལ་སྒོར་ཁྲི2178གཏོང་སྤྲོད་བྱས།
  • ལེ་ཚན་རྗེས་མ།: ཉག་རོང་རྫོང་གིས་རྒྱ་ཙོང་འདེབས་འཛུགས་བྱས་ཏེ་མི་དམངས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།