བདེ་ཆེན་ཁུལ་གྱིས་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་།

    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།    2013-08-23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐྱེལ་འདྲེན་ཁྲུའུ་ཡིས“ཉམས་གསོ་ཁྲོམ་རའི་ཆེད་གཉེར་རྣམ་གྲངས་ཀྱི་དོ་དམ་ལས་ཀ”བཀོད་སྒྲིག་དང་དོན་འཁྱོལ་བྱེད་པའི་གྲོས་ཚོགས་འཚོགས་པ་རེད།ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་སྒྲིག་ལམ་སྔར་ལས་ལྷག་པར་ཚད་ལྡན་དུ་བཏང་ནས་འཕྲུལ་སྒུལ་འཁོར་ལོ་ཉམས་གསོའི་སྤུས་ཚད་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་དང་།འཕྲུལ་སྒུལ་འཁོར་ལོའི་འཁོར་སྐྱོད་བདེ་འཇགས་ལ་འགན་ལེན་བྱས་ཏེ།སྤྱི་ཚོགས་ལ་སྟབས་བདེ་དང་མགྱོགས་མྱུར།སྤུས་ལེགས་ཁུངས་ལྡན།རིན་གོང་འོས་འཚམ་གྱི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།
གྲོས་ཚོགས་ཀྱིས་རྫོང་སོ་སོའི་སྲིད་ཇུས་ལ་ཤུགས་སྣོན་དང་ལས་རོགས་ཁྲིད་སྟོན་བྱས་ནས།མགྱོགས་མྱུར་གྱིས་ཁུལ་ཡོངས་ཀྱི་ཉམས་གསོའི་ལས་རིགས་དེ་གཞི་ཁྱོན་ཅན་དང་ཆེད་ལས་ཅན།མིང་རྟགས་ཅན་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་བྱུང་ཏེ།རྒྱུད་འབྲེལ་ཉམས་གསོའི་གཉེར་སྐྱོང་ལ་སྐུལ་མ་བཏང་བ་དང་།ཉེ་བའི་ལོ་འགའི་རིང་གི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་སྒྲིག་བཅོས་ཀྱི་འབྲས་བུ་མུ་མཐུད་དུ་སྲ་བརྟན་དང་།ཉམས་གསོ་ཁེ་ལས་ཀྱི་དོ་དམ་ལ་ཤུགས་སྣོན་བྱས་ནས།ཉམས་གསོ་གཉེར་སྐྱོང་གི་སྤྱོད་ཚུལ་ཚད་ལྡན་དང་།ཁྲིམས་འགལ་གཉེར་སྐྱོང་དང་ཉམས་གསོ་ཚད་གཞི་ལྟར་ལས་སྒྲུབ་མི་བྱེད་པ།འོས་མིན་གྱི་གླ་ཡོན་ལེན་པ།ལྷུ་ལག་རྫུན་མ་སྤྱོད་པ་སོགས་ཁྲིམས་འགལ་དང་ཚད་མིན་གྱི་བྱ་སྤྱོད་ལ་གཅིག་བསྡུས་ཀྱི་རྡུང་རྡེག་གཏོང་དགོས་བའི་བླང་བྱ་འདོན་པ་རེད།
ཤེས་གསལ་བྱུང་བ་ལྟར་ན།ཐེངས་འདིའི་ཆེད་གཉེར་རྣམ་གྲངས་སྒྲིག་བཅོས་ཀྱི་འོས་འགན་ལེགས་བཅོས་ཡོང་བའི་ཆེད་དུ།ཁུལ་སྐྱེལ་འདྲེན་ཁྲུའུ་ཡིས་“ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་ཆེད་གཉེར་རྣམ་གྲངས་སྒྲིག་བཅོས་ཀྱི་འགོ་ཁྲིད་ཚོ་ཆུང”བཙུགས་པ་རེད།ཉམས་གསོ་ཁྲོམ་རའི་ཆེད་གཉེར་རྣམ་གྲངས་སྒྲིག་བཅོས་ཀྱི་ལས་ཀ་དེ་དྲིལ་བསྒྲགས་སྐུལ་སློང་དང་རང་བཤེར་།ལག་བསྟར་རྩ་འཛུགས།དག་ཐེར་དང་ལེགས་བཅོས།སྤྱི་བསྡོམས་ཞིབ་བཤེར་སོགས་དུས་རིམ་ལྔ་ཡི་སྒོ་ནས་སྤེལ་བ་རེད།ཐེངས་འདིའི་ཆེད་གཉེར་རྣམ་གྲངས་སྒྲིག་བཅོས་ཀྱི་དམིགས་ཡུལ་ནི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་ཆེད་གཉེར་རྣམ་གྲངས་སྒྲིག་བཅོས་བྱས་པ་བརྒྱུད་ནས།ཁུལ་ཡོངས་ཀྱི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོའི་ལས་རིགས་དེ་དེང་རབས་ཅན་གྱི་ཞབས་ཞུ་ལས་རིགས་ཏེ།ཚད་ལྡན་དང་ཡིད་རྟོན།སྤུས་ལེགས་ཅན་དུ་གསར་འཛུགས་བྱས་པར་ཧུར་བརྩོན་བྱས་པ་རེད།འགྲིམ་འགྲུལ་ལས་རིགས་ཀྱི་ཚད་གཞི་སྟེ《འཕྲུལ་སྒུལ་འཁོར་ལོ་ཉམས་གསོའི་ཞབས་ཞུ་ཚད་གཞི》སྐུལ་སྤེལ་བྱས་ནས།2013ལོའི་ལོ་མཇུག་སྔོན་དུ་རིམ་པ་དང་པོའི་རླངས་འཁོར་ཉམས་གསོ་ཁེ་ལས་ཀྱི་ཚད་ཐོན་ཚད་100%དང་།རིམ་པ་གཉིས་པའི་རླངས་འཁོར་ཉམས་གསོ་ཁེ་ལས་དང་སྒུལ་བྱེད་འཕྲུལ་འཁོརུ།རླངས་འཁོར་ཧྲིལ་པོ།གློག་ཆས་མ་ལག་ཉམས་གསོ་ཆེད་གཉེར་རྣམ་གྲངས་ཀྱི་ཉམས་གསོ་ལས་རིགས་དུད་ཚང་ཀྱི་ཚད་ཐོན་ཚད90%ཡན་ཟིན་པར་བརྩོན་ལེན་བྱས་པ་རེད།
བདེ་ཆེན་རྫོང་དང་འབའ་ལུང་རྫོང་།སེམས་ཀྱི་ཉི་ཟླ་བཅས་རྫོང་གསུམ་གྱི་སྐྱེལ་འདྲེན་སའོ་དང་ཁུལ་ཁྲུའུ་རླངས་འཁོར་ལག་རྩལ་དོ་དམ་ཚན་ཁགཁ་ལོ་བའི་གསོ་སྦྱོང་ཚན་ཁག ཞིབ་བཤེར་ཡན་ལག་རུ་ཁག་དང་ཁུལ་ཡོངས་ཀྱི་རིམ་པ་གཉིས་པ་ཡན་གྱི་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་བཟོ་གྲྭའི་འགན་འཁུར་བ་སོགས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།  ། 
  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གིས“གྲངས་འཛིན་སྡེ་བ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་རྒྱ་གྲམ་དམར་པོའི་ཚོགས་པ་ལ་མུ་མཐུད་དུ་ཞལ་འདེབས་གྱི་དངུལ་འབྱོར་བ།
  • དོ་སྣང་ཆེ་བའི་རྩོམ།