སེམས་ཀྱི་ཉི་ཟླ་རྫོང་གིས“གྲངས་འཛིན་སྡེ་བ”འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱས།

ཚེ་རིང་རྒྱ་མཚོས་བསྒྱུར།    ཀྲུང་གོ་བོད་ཀྱི་དྲ་བ།    2013-08-23

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་ཞིང་ལས་དང་ཚན་རིག་ལག་རྩལ་ཅུའུ་ཞིང་ལས་དཔལ་འབྱོར་ས་ཚིགས་ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ11གི་བཟོ་འགོད་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་བདེ་ཆེན་ཁུལ་དཔེ་མཛོད་ཁང་དུ་ལས་རྐང་གསོ་སྦྱོང་བྱས་པ་དང་།  གསོ་སྦྱོང་སྟེང་ཁུལ་ཞིང་ཕྱུགས་ཅུའུ་ཡི་ཆེད་ལས་མཁས་པ་གདན་ཞུ་བྱས་ནས“གྲངས་འཛིན་སྡེ་བའི”ཡི་གེ་དང་པར་རིས།  བརྡ་འཕྲིན།  བརྙན་རིས་སོགས་ཀྱི་གསར་སྒྱུར་ནུས་རྩལ་འཆད་ཁྲིད་བྱས་པ་བརྒྱུད།  “གྲངས་འཛིན་སྡེ་བའི”དྲ་ཚིགས་ཀྱི་དོ་དམ་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ།  རྫོང་ཡོངས་ཀྱི་ཞིང་ལས་བརྡ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པའི་གོམས་ཁ་ཇེ་མགྱོགས་སུ་བཏང་།

གྲངས་འཛིན་ཞིང་སྡེའི་རྣམ་གྲངས་ནི་ཡུན་ནན་ཞིང་ཆེན་གྱི་བརྡ་འཕྲིན་ཅན་དང་གྲངས་འཛིན་ཅན།  གཞུང་སྒྲུབ་རང་འགུལ་ཅན།  གློག་རྡུལ་སྲིད་དོན་བཅས་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། ཞིང་ཆེན་དང་གྲོང་ཁྱེར།  ཤང་།  སྡེ་བའི“གྲངས་འཛིན་སྡེ་བའི”དྲ་རྒྱ་ཞབས་ཞུའི་མ་ལག་ལས་པར་རིས་དང་གཞི་གྲངས། ཡི་གེ་སོགས་རྣམ་པ་མང་པོ་བརྒྱུད་དེ།  ཆེས་མགྱོགས་པ་དང་ཆེས་སྟབས་བདེ་ཡིན་པའི་སྒོ་ནས་རིམ་པ་སོ་སོའི་མགོ་ཁྲིད་དག་གིས་དུས་ལྟར་གཞི་རིམ་གྱི་གནས་ཚུལ་རྒྱུས་ལོན་བྱེད་པར་མཐུན་རྐྱེན་སྐྲུན།  སེམས་ཀྱི་ཉི་ཟླ་རྫོང་གི“གྲངས་འཛིན་སྡེ་བའི”བཟོ་འགོད་ཐད་བསྡོམས་པས་ཤང་དང་གྲོང་རྡལ་རིམ་པའི་དྲ་ཚིགས11དང་།  སྡེ་མི་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས64།  རང་བྱུང་སྡེ་བའི་དྲ་ཚིགས607འཛུགས་སྐྲུན་དང་སྲུང་སྐྱོབ་བྱ་བ་ལེགས་འགྲུབ་འབྱུང་དགོས།  2013ལོའི་སྤྱི་ཟླ7པའི་བར་དུ།  རྫོང་ཡོངས་ཀྱི“གྲངས་འཛིན་སྡེ་བའི”བཟོ་འགོད་ལས་ཡི་གེ་གཞི་གྲངས་བརྡ་འཕྲིན270984དང་།  པར་རིས་བརྡ་འཕྲིན31837།  བརྙན་རིས679བཅས་འགྲེམ་སྤེལ་བྱས།  ། 

  • ལེ་ཚན་སྔོན་མ།:སེམས་ཀྱི་ཉི་ཟླ་རྫོང་གི་ལིང་ཏོག་ནད་པ37གྱིས་ཡང་བསྐྱར་འོད་ཟེར་མཐོང་བ།
  • ལེ་ཚན་རྗེས་མ།:བདེ་ཆེན་ཁུལ་གྱིས་འཕྲུལ་སྒུལ་འཁོར་ལོ་ཉམས་གསོ་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།