ཀན་ལྷོའི་དངོས་བཤུས་གློག་བརྙན༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་གཏོང་འགོ་ཚུགས།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-08-23

ཀན་ལྷོའི་དངོས་བཤུས་གློག་བརྙན༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་གཏོང་འགོ་ཚུགས།
༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པའི་ཐོག་གཏོང་མཛད་སྒོ་ལན་ཀྲུའུ་རུ་བསྡུས།

  ཟླ8པའི་ཚེས17ཉིན། ཀན་ལྷོ་ཁུལ་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་བྱས་ནས་ཕབ་བསྐྲུན་བྱས་པ་དང་། ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་སྐྱེས་འབུལ་གྱི་དངོས་བཤུས་གློག་བརྙན༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པའི་ཐོག་གཏོང་མཛད་སྒོ་ལན་ཀྲུའུ་རུ་བསྡུས་ཤིང་། ཟླ8པའི་ཚེས19ཉིན་ནས་བཟུང་ཀྲུང་དབྱང་བརྙན་འཕྲིན་ཁང་གིCCTV-9དངོས་བཤུས་འཕྲིན་ལམ་བརྒྱུད་ནས་དགོང་མའི་དུས་ཚོད8:00སྟེང་གཏོང་འགོ་བརྩམས་པ་རེད། 
 ༼རྫོགས་ལྡན་གྱི་ཀན་ལྷོ༽ཞེས་པའི་ཁྲོད་ཀན་ལྷོའི་རྫོང་བདུན་དང་གྲོང་ཁྱེར་གཅིག་གི་ཡུལ་ཁོངས་དབྱེ་སྟངས་ལྟར་ལེའུ་ལྔ་རུ་བསྒྲིགས་ནས། ཀན་ལྷོའི་རོང་འབྲོག་པའི་གོ་སྐབས་དང་ལས་དབང་། ཕུགས་བསམ་སྟེ། རྨ་ཆུ་བྱེ་མར་འགྱུར་བར་འཐབ་རྩོད་རྒྱག་པའི་བོད་པའི་ཁྱིམ་ཚང་དང་། མི་རིགས་སྣ་ཚོགས་ཀྱི་གྱོན་ཆས་སྲོལ་ལུགས་རྟོགས་པའི་ཁ་ཆེའི་ཚོང་བ། གློག་བརྙན་གྱི་འཁྲབ་ཁྲིད་པའི་ཕུགས་བསམ་བཅངས་བཞིན་པའི་བོད་ཀྱི་ན་གཞོན། གཏན་སྡོད་ཁང་དུ་གནས་སྤར་བའི་ཨ་མྱེས་དང་ཚ་བོ་གཉིས་སོགས་ཀྱི་གཏམ་རྒྱུད་བརྗོད་ཡོད་ཅིང་། གློག་བརྙན་འདིས་མི་སྣ་མི་གཅིག་པ་འབྲི་བཞེངས་བྱས་པར་བརྒྱུད་ནས་ཀན་ལྷོའི་བོད་པའི་འཚོ་བའི་གཤིས་ལུགས་དང་། ལོ་རྒྱུས་རིག་གནས། ཆོས་ལུགས་སྒྱུ་རྩལ། ཡུལ་གྱི་བཀོད་པ་སོགས་མངོན་པར་མཚོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།: ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་ཞིང་ཆེན8ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དང་ཞབས་འདེག
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་དབུལ་སྐྱོར་རོགས་དངུལ་གཏོང་ནུས་ཤུགས་ཆེར་བཏང་ནས་མང་ཚོགས་ཀྱི་འབྱོར་འབྲིང་ཕུགས་འདུན་མངོན་
  • དོ་སྣང་ཆེ་བའི་རྩོམ།