བདེ་ཆེན་ཁུལ་གྱིས་དམག་ནང་ཞུགས་པའི་ན་གཞོན་བུད་མེད་ལ་ཐོག་མའི་ལུས་པོའི་བརྟག་བཤེར་བྱས།

    སེམས་ཀྱི་ཉི་ཟླའི་དྲ་བ།    2013-08-16

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ8པའི་ཚེས12ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དམག་ནང་ཞུགས་པའི་ན་གཞོན་བུད་མེད་གྱི་ཐོག་མའི་ལུས་པོའི་བརྟག་དཔྱད་དང་ཞིབ་བཤེར་ལས་ཀ་དེ་བདེ་ཆེན་ཁུལ་ཡན་ལག་དམག་ཁུལ་གྱི་ལས་པོའི་བརྟག་དཔྱད་ས་ཚིགས་ནས་སྒྲུབ་པ་རེད།

ཁུལ་དམག་བསྡུ་གཞུང་ལས་ཁང་གི་གཅིག་གྱུར་གྱི་སྒྲིག་འཛུགས་འོག ཁུལ་གྱི་འཕྲོད་བསྟེན་དང་། སྤྱི་བདེ། སློབ་གསོ་སོགས་སྡེ་ཁག་གིས་རིམ་བཞིན་ཁུལ་ཡོངས་ཀྱི་ལུས་པོའི་བརྟག་དཔྱད་ཀྱི་བླང་བྱ་དང་འཚམས་པའི་ན་གཞོན་བུད་མེད34ཡི་ལུས་པོ་དང་། སྐྱེས་ཁུངས། སློབ་སྦྱོང་གྱི་ཐོབ་ཐང་སོགས་ལ་ཐོག་མའི་ཞིབ་བཤེར་བྱས་པ་དང་། དམག་ཁུལ་གྱི་སྒྲིག་ཁྲིམས་ཨུ་དང་། ཁུལ་ལྟ་སྐུལ་ཞིབ་བཤེར་ཅུས་ཀྱིས་ཐོག་མའི་ལུས་པོའི་བརྟག་དཔྱད་དང་ཞིབ་བཤེར་ལ་བརྒྱུད་རིམ་ཡོངས་ཀྱི་སྒྲིག་ཁྲིམས་ལྟ་ཞིབ་བྱས་པ་རེད།

ཐོག་མའི་ལུས་པོའི་བརྟག་དཔྱད་དང་ཞིབ་བཤེར་ཚད་ལྡན་ཡིན་པའི་ན་གཞོན་བུད་མེད་རྣམས་ཞིང་ཆེན་དམག་བསྡུ་གཞུང་ལས་ཁང་ལ་སྤྲད་ནས་ཆེས་མཐའ་མཇུག་གི་ལུས་པོའི་བརྟག་དཔྱད་དང་ཞིབ་བཤེར་བྱ་རྒྱུ་རེད།

ཁུལ་དམག་བསྡུ་གཞུང་ལས་ཁང་གི་འགན་འཁུར་བས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན། ད་ལོའི་དམག་མི་བསྡུ་བའི་དུས་ཚོད་དེ་དགུན་དུས་ནས་དབྱར་སྟོན་གྱི་དུས་ལ་བརྗེ་སྤོར་བྱས་ཚུན། ཁུལ་དང་རྫོང་གི་དམག་བསྡུ་གཞུང་ལས་ཁང་གིས་བརྙན་འཕྲིན་དང་། རྒྱང་བསྒྲགས། དུས་དེབ། ལག་ཁྱེར་ཁ་པར་སོགས་སྨྱན་བྱད་བེད་སྤྱད་ནས་རྒྱ་ཁྱབ་ཀྱིས་དམག་བསྡུའི་ལས་ཀ་དྲིལ་བསྒྲགས་བྱས་པ་རེད། ཟླ8པའི་ཚེས5ཉིན་གྱི་བར་དུ། རང་ཁུལ་དུ་དམག་ནང་ཞུགས་པའི་མིང་ཐོ་འགོད་མཁན་གྱི་ན་གཞོན་བུད་མེད་མི87ཡོད་པ་དང་། དེའི་ཁྲོད་དུ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་དང་། མིག་སྔར་སློབ་གྲྭ་ན་དཔེ་ཆ་འདོན་བཞིན་པའི་སློབ་ཆེན་སློབ་མ40%ལས་བརྒལ་ཡོད།   །

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་ནད་འགོག་ལྟེ་གནས་ཀྱིས་དམངས་ཡོངས་བདེ་ཐང་རྐང་ཐང་དྲིལ་བསྒྲགས་རྩ་འཛུགས་བྱས་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཉི་ཟླ་རྫོང་གི་ལིང་ཏོག་ནད་པ37གྱིས་ཡང་བསྐྱར་འོད་ཟེར་མཐོང་བ།
  • དོ་སྣང་ཆེ་བའི་རྩོམ།