2014ལོའི་སྟོན་ཁའི་སློབ་དུས་ནས་བཟུང་ཞིབ་འཇུག་སློབ་མར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་དང་སྦྱངས་འབྲས་ལེགས་ཐོན་དངུལ་ལོངས་སྤྱོད་བྱ་རྒྱུ་ཡོད་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-08-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་དང་སློབ་གསོ་པུས་ཉེ་དུས་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་ལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པ་དང་། ཞིབ་འཇུག་སློབ་མའི་རྒྱལ་ཁབ་སློབ་རོགས་བྱ་དགའི་དངུལ་དོ་དམ་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཞེས་པ་སྤྱི་ལོ2014ལོའི་སྟོན་ཁའི་སློབ་དུས་ནས་འགོ་བཙུགས་ཏེ་ཞིབ་འཇུག་སློབ་མའི་སྤྱིར་བཏང་གི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་དེ་ཞིབ་འཇུག་སློབ་མའི་རྒྱལ་ཁབ་སློབ་རོགས་དངུལ་ལ་སྒྱུར་རྒྱུ་མ་ཟད། ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་བྱ་དགའི་དངུལ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

 ད་ཐེངས་ཀྱི་དམིགས་ཡུལ་ནི་ཞིབ་འཇུག་སློབ་མས་སློབ་སྦྱོང་ལ་འབད་བརྩོན་དང་། ཚན་རིག་ལ་ཞིབ་འཇུག་ཧུར་ཐག་བྱེད་པ། གསར་གཏོད་བྱེད་ཕོད་པ་བཅས་ལ་སྐུལ་མ་གཏོང་རྒྱུ་དང་། ཞིབ་འཇུག་སློབ་མའི་སློབ་གསོའི་སློབ་ཡོན་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་པའི་གནས་ཚུལ་འོག་ཞིབ་འཇུག་སློབ་མ་བདེ་བླག་ངང་སློབ་ཐོན་ཡོང་བར་རྒྱབ་སྐྱོར་སྔར་ལས་ལྷག་པ་བྱེད་པ་དང་། ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་བྱ་དགའ་དང་སློབ་རོགས་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཞིབ་འཇུག་སློབ་མའི་ཐོབ་ཐང་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་རེད།  །

  • ལེ་ཚན་སྔོན་མ།:ད་ལོའི་ནག་ཆུའི་འཆར་ཅན་རྟ་རྒྱུགས་དུས་ཆེན་གཟབ་རྒྱས་ངང་འཚོགས་པ།
  • ལེ་ཚན་རྗེས་མ།:རྔ་བ་ཁུལ་ནི་སྐབས14བའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ཁུལ་ལ་
  • དོ་སྣང་ཆེ་བའི་རྩོམ།