པེ་ཅིན་ནས་བོད་དང་འབྲེལ་བའི་གློག་བརྙན་འགྲེམ་སྟོན་བྱེད་སྒོ་སྤེལ་རྩིས་ཡོད་པ།

        2013-08-15

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས11ནས་ཚེས25ཉིན་བར། པེ་ཅིན་གྱི་པེ་ལའོ་ཧུའེ་གློག་བརྙན་ལྟེ་གནས་ཞེས་པའི་གློག་བརྙན་ཀུང་སི་སྐད་གྲགས་ཅན་དེས་གངས་ལྗོངས་བརྙན་རིས་ཞེས་པའི་བོད་དང་འབྲེལ་བའི་གློག་བརྙན་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་རྩིས་ཡོད་ཅིང་། འགྲེམ་སྟོན་བྱེད་སྒོའི་སྟེང་ཉེ་བའི་ལོ་འགའི་ནང་བོད་ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་གསུམ་ཏེ། བོད་ཀྱི་འཁྲབ་ཁྲིད་པ་ཐོག་མ་པདྨ་ཚེ་བརྟན་གྱི《དྲི་མེད་ཀུན་ལྡན་འཚོལ་བ》ཞེས་པ་དང་། ཟོན་ཐར་རྒྱལ་གྱི《དབུས་ལམ་གྱི་ཉི་མ》། དེ་བཞིན་འཁྲབ་ཁྲིད་པ་སྐད་གྲགས་ཅན་ཞེ་ཧྥེའི《ཡེ་ཤེས་སྒྲོལ་མ》བཅས་ལེགས་འདེམ་བྱས་ཏེ་སྟོན་རྒྱུ་ཡིན་ལ། གློག་བརྙན་དེ་དག་ཚང་མ་བོད་སྐད་ཡིན་ཞིང་། རྒྱ་ཡིག་དང་དབྱིན་ཡིག་གི་བརྙན་ཡིག་བཀོད་ཡོད་པ་རེད། དེ་དག་རེ་རེ་སྟོན་པའི་དུས་ཚོད་ནི་གཤམ་གསལ་ལྟར།
    《དྲི་མེད་ཀུན་ལྡན་འཚོལ་བ》The Search ཟླ8པའི་ཚེས11ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད16:00སྟེང་།
    《དབུས་ལམ་གྱི་ཉི་མ》The Sun Beaten Path ཟླ8པའི་ཚེས18ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད18:30སྟེང་།
    《ཡེ་ཤེས་སྒྲོལ་མ》Songs of Tibet ཟླ8པའི་ཚེས25ཉིན་ཏེ་གཟའ་ཉི་མའི་ཆུ་ཚོད16:00སྟེང་། ། 
  • ལེ་ཚན་སྔོན་མ།: ཀི་ཀོ་ཤ་མོ་རང་ཁུལ་དུ་འདེབས་འཛུགས་བྱེད་པར་ལེགས་འགྲུབ་བྱུང་བ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱིས་བྱིས་པའི་སྨན་ཁང་ཐོག་མ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།