ཀི་ཀོ་ཤ་མོ་རང་ཁུལ་དུ་འདེབས་འཛུགས་བྱེད་པར་ལེགས་འགྲུབ་བྱུང་བ།

དབྱངས་ཅན་གྱིས་བསྒྱུར།        2013-08-15

ཉེ་ཆར། གསར་འགོད་པས་ཁུལ་ཞིང་ལས་ཚན་རྩལ་ཧྲུའོ་ནས་ཤེས་རྟོགས་བྱུང་རྒྱུར། ཧྲུའོ་དེས“སློབ་གླིང་དང་ཁུལ་མཉམ་ལས”ཀྱི་དུས་རིམ་གཉིས་པར་བཟའ་བྱའི་ཤ་མོའི་རིགས་མཉམ་ལས་བྱེད་པའི་ལས་སྟེགས་ལ་བརྟེན་ནས་ཞིང་ཆེན་ཚན་རྩལ་ཁང་དང་མཉམ་འབྲེལ་བྱས། 2012ལོའི་ཟླ་བ10པར་མདོ་རྫོང་ཏ་ཧོ་ལུང་པའི་རྟེན་གཞི་རུ་ཀི་ཀོ་ཤ་མོ་ཚོད་ལྟ་འདེབས་འཛུགས་བྱས་པ་རེད། ད་ལོའི་ཟླ་བ3པའི་ཟླ་དཀྱིལ་ནས་བཟུང་། ཀི་ཀོ་ཤ་མོ་གཅིས་རྗེས་གཉིས་མཐུད་དུ་ཁ་འབུས་པས་སྨི་གྲུ་བཞི་མ་རེའི་ཐོན་ཚད་མཐོ་ཤོས་ལ་བརྒྱ་མ2དང་ཤ་མོ་རེའི་ལྗིད་ཚད་ཆེས་མཐོ་ཤོས་ལ་ཁེ་50 ཡོད། ཁྱོན་བསྡོམས་ཀི་ཀོ་ཤ་མོ་སྐམ་པོ་བརྒྱ་མ་3ཐོབ་ཡོད་པས་ཚོད་ལྟ་ལེགས་འགྲུབ་བྱུང་བ་རེད།
    ཤེས་རྟོགས་བྱུང་བར་གཞིགས་ན། ཀི་ཀོ་ཤ་མོ་ནི་སྐད་གྲགས་ཆེ་ཞིང་རོལ་བཅུད་ལྡན་པའི་བཟའ་བྱའི་ཤ་མོ་རིགས་ཤིས་ཡིན་ལ། མཐོ་རིམ་གསོལ་སྟོན་གྱི་ཟས་རིགས་རྩ་ཆེན་ཞིག་ཀྱང་ཡིན་པས། གླེང་ཆེན་ཡོ་རོབ་དང་ཨ་རི་རྒྱལ་ཁབ་ཀྱི་འཛད་སྤྱོད་པས་བརྩི་མཐོང་ཚད་མེད་བྱེད་པ་རེད། ཞིབ་དཔྱད་ཚད་ལེན་བྱས་པར་གཞིགས་ན། ཤ་མོ་སྐམ་པོ་ཁེ100རེའི་ནང་སྤྲི་དཀར་གྱི་བཅུད་ཁེ24.5དང་། ཚིལ་ཁེ2.6 ། མངའ་རིགས་ཁེ39.79 ། ཚི་སྣ་རྩིང་པོ་ཁེ7.7 ། ཧུའེ་ཧྥུན་ཁེ11.9 ། ཨན་གཞི་སྐྱུར་སྣ་ཁ17བཅས་འདུས་ཡོད་པ་དང་། (དེའི་ནང་མིའི་གཟུགས་པོའི་ནང་གི་ཨན་གཞི་སྐྱུར་སྣ་ཁ7འདུས་ཡོད།)གཏེར་རྒྱུའི་མ་རྒྱུ་རིགས11འདུས་ཡོད། སྨན་ནང་འཇུག་ན་ཕོ་ཁ་དང་མཚེར་པ་གསོ་ནུས་པ་དང་། ལྟོ་ཞུ་རོགས་དང་། རླུང་གསོ་བ། ཁ་ལུད་སེལ་བ་སོགས་ཀྱི་སྨན་བཅོས་ནུས་པ་ཐོན་ནུས། ཕོ་ཁ་དང་མཚེར་པའི་སྟོབས་ཉམས་པ་དང་།ལྟོ་ཡག་པོ་མི་ཞུ་བ།ཁ་ལུད་མང་ཞིང་དབུགས་ཧད་པ་སོགས་ཀྱི་ནད་རིགས་བཅོས་ཆོག
    རང་ཁུལ་གྱི་གནམ་གཤིས་ཆ་རྐྱེན་དམིགས་བསལ་ཡིན་པ་དང་། ཀི་ཀོ་ཤ་མོ་རྒྱ་ཁྱབ་ཏུ་ཁ་གྲམ་ཞིང་སྣ་ཁ་མང་བ་རེད། འདེབས་འཛུགས་བྱས་པའི་ཤ་མོ་འདིའི་གཟུགས་དབྱིབས་མཛེས་པ་དང་། རྐང་པ་ཐུང་བ། བཟོ་དབྱིབས་ཆེ་བ་བཅས་ཡིན་པ་དང་། སྤུས་ལེགས་ལྡན་པའི་ཤ་མོ་ཡིན་ཚད་མཐོ་བ་དང་མུའུ་རེར་ཆ་སྙོམས་ཤ་མོ་སྐམ་པོ་ཐོན་ཚད་སྤྱི་རྒྱ25ཡན་ལ་སླེབས་པ། ཀི་ཀོ་ཤ་མོའི་འཚོ་བཅུད་རིན་ཐང་མཐོ་ཞིང་།དཔལ་འབྱོར་ཕན་འབྲས་མངོན་བསལ་ཡིན་པ་དང་མུའུ་རེའི་ཐོན་ཚད་རིན་ཐང་སྒོར་ཁྲི2.5ལ་སླེབས་ནས་ཞིང་པ་དུད་ཚང་གིས་ཀི་ཀོ་ཤ་མོ་དཔེ་སྟོན་འདེབས་འཛུགས་བྱེད་པའི་ཧུར་སེམས་ཆེ་བ་རེད། དེར་བརྟེན། ཞིང་ཆེན་གྱི་ཞིང་ལས་ཚན་རྩལ་ཁང་དང་རང་ཁུལ་གྱི་ཞིང་ལས་ཚན་རྩལ་ཧྲུའོ་ཡི་མཉམ་འབྲེལ་བཟའ་བྱའི་ཤ་མོ་མཉམ་འབྲེལ་ཚོ་ཆུང་གིས་ཚོད་ལྟ་ལས་ཀ་ཡག་པོ་སྤེལ་བའི་རྨང་གཞིའི་ཐོག ཀི་ཀོ་ཤ་མོ་རང་ཁུལ་དུ་དཔེ་སྟོན་དང་ཁྱབ་སྤེལ་ཇེ་མགྱོ གས་སུ་བཏང་ནས། རང་ཁུལ་གྱི་དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་སུ་བསྐྲུན་པ་དང་། ཀུང་སི་དང་རྨང་གཞི་ཞིང་དུད་བཅས་དང་མཉམ་དུ་འཁོར་སྐྱོད་བྱེད་པའི་བྱེད་སྟངས་སྤྱད་ནས། ཀི་ཀོ་ཤ་མོ་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་ཐོན་སྐྱེད་བྱ་རྒྱུ་དང་རྒྱ་ཆེའི་ཞིང་འབྲོག་མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་དང་ཕྱུག་འགྱུར་ཡོང་བར་ཁྲིད་སྟོན་བྱ་རྒྱུའི་འཆར་གཞི་བཞག་པ་རེད།
  • ལེ་ཚན་སྔོན་མ།:ཇ་ཐོན་ལས་དེ་བརྒྱད་ཟིལ་རྫོང་ཁེ་རྡོ་ཤང་གི་མི་དམངས་ཕྱུག་འགྱུར་ཡོང་བའི་གཅེས་ནོར་དུ་གྱུར།
  • ལེ་ཚན་རྗེས་མ།: པེ་ཅིན་ནས་བོད་དང་འབྲེལ་བའི་གློག་བརྙན་འགྲེམ་སྟོན་བྱེད་སྒོ་སྤེལ་རྩིས་ཡོད་པ།
  • དོ་སྣང་ཆེ་བའི་རྩོམ།