ཇ་ཐོན་ལས་དེ་བརྒྱད་ཟིལ་རྫོང་ཁེ་རྡོ་ཤང་གི་མི་དམངས་ཕྱུག་འགྱུར་ཡོང་བའི་གཅེས་ནོར་དུ་གྱུར།

དབྱངས་ཅན་གྱིས་བསྒྱུར།        2013-08-15

    ལོ་ལྔ་འགོར་རྗེས་ཇ་ཡི་ཐོན་ལས་ཡོང་འབབ་སྒོར་ཁྲི5000ལ་སླེབས་ཐུབ་པ་དང་། ཇ་འདེབས་ཞིབ་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར9000ལས་བརྒལ་ནས་ཇ་ཡི་ཐོན་ལས་དེ་ཁེ་རྡོ་ཤང་གི་ཞིང་པ་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་སྤྱི་ཚོགས་སུ་སྐྱོད་པའི་གཅེས་ནོར་ཞིག་ཏུ་གྱུར་རྒྱུ་རེད། འདི་ནི་བརྒྱད་ཟིལ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་མིག་སྔར་རྫོང་དེའི་ཇི་ཡི་རིན་གོང་ལ་གཞིགས་ནས་བརྒྱད་ཟིལ་རྫོང་ཁེ་རྡོ་ཤང་གི་ཇ་འདེབས་ཞིང་པ་ལ་རྩིས་ཞིག་བརྒྱབ་པ་རེད། ཁེ་རྡོ་ཤང་གི་ཇ་ཡི་ལོ་རྒྱུས་ཡུན་རིང་ཡོད་ལ་རྒྱུ་སྤུས་ཀྱང་ཧ་ཅང་ཡག་པོ་ཡིན་འདུག ལོ་འགའ་ཡི་རིང་གི་འདེབས་འཛུགས་དང་། གསོ་སྤེལ། འཛུགས་སྐྲུན་བཅས་བྱས་པར་བརྒྱུད། ཤང་དེའི་ཇ་ཡི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་ཀ་དེར་ཐོག་མའི་གཞི་ཁྱོན་ལྡན་པ་དང་ཐོག་མའི་གྲུབ་འབྲས་ཐོབ་ཡོད། མང་ཚོགས་མང་པོས་ཇ་འདེབས་པའི་ལས་ཀའི་ཁྲོད་ཕན་འབྲས་ཆེན་པོ་ཐོབ་ནས་མི་སེར་གྱི་ཧུར་ཐག་རང་བཞིན་སྔར་བས་ཇེ་མཐོར་བྱུང་ཡོད་པ་རེད།
    ད་ལོ་ནས་བཟུང་།ཁེ་རྡོ་ཤང་གིས་ཇ་ཡི་ཐོན་ལས་དེ་ཐོན་ལས་གཙོ་བོར་བྱས་ཏེ་འདེབས་གསོ་དང་སྟོབས་ལྡན་ཡོང་བ་བྱས་པ་དང་། ད་ལྟ་ལག་ལེན་བྱེད་བཞིན་པའི་གཟིགས་སྐྱོང་གི་ཐོན་ལས་སྲིད་ཇུས་དང་དབུལ་སྐྱོར་གྱི་སྲིད་ཇུས་བེད་སྤྱོད་གང་ལེགས་བཏང་ནས། ཐེན་ཞང་སྐྱེ་ཁམས་ཀྱི་ཇའི་ཀུང་སི་གཙོ་བོ་བྱས་ཏེ་“ཀུང་སི་དང་། ཞིང་དུད། མཐུན་ཚོགས། མ་རྐང་འཇོག་པ་”བཅས་ཀྱི་བྱེད་སྟངས་འཚོལ་ཞིབ་བྱེད་གང་ཐུབ་བྱས་ཏེ་ཚོང་ར་ཅན་དུ་འགྱུར་བའི་འཁོར་རྒྱུག་བྱས། ལོ་5ཡི་རིང་གི་དུས་ཚོད་སྤྱད་དེ་ཁེ་རྡོ་ཤང་དུ་མུའུ5000ལྡན་པའི་ཇ་འདེབས་སའི་རྟེན་གཞི་ཞིག་བསྐྲུན་པ་དང་མིང་དོན་མཚུངས་པའི“སྐྱེ་ཁམས་ཇ་ཡི་ཕ་ཡུལ་”དུ་གྱུར་ཐུབ་པ་བརྩོན་ལེན་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།: དར་མདོ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཁྲིམས་ལུགས་དྲིལ་བསྒྲགས་སྤེལ།
  • ལེ་ཚན་རྗེས་མ།: ཀི་ཀོ་ཤ་མོ་རང་ཁུལ་དུ་འདེབས་འཛུགས་བྱེད་པར་ལེགས་འགྲུབ་བྱུང་བ།
  • དོ་སྣང་ཆེ་བའི་རྩོམ།