ལྷད་མེད་ཀྱི་གཤིས་ཀ༼དབྱར་རྩྭ་དགུན་འབུ།༽

ཡི་དམ་ཚེ་རིང་ནས་བརྩམས། བཀྲ་ཤིས་ཚེ་རིང་ནས་བསྒྱུར།    ཁ་བའི་ལྗོངས།    2013-08-12

དཔྱིད་ཀའི་འབྲུག་སྒྲ་དབྱིངས་ནས་ལྡིར་དུས་རྩྭ་རྩེ་ལྗོན་པའི་གསེབ་ཏུ་ལང་ཚོ་ངོམས།།
བུ་ཡུག་ཁ་པས་འཇིག་རྟེན་གཡོག་དུས་སྲིན་བུའི་ཚུལ་འཛིན་འདམ་བག་ཞིང་དུ་སྤྱོད།།
རང་གི་སྲོག་ལ་གཅེས་ཀྱང་གཞན་ཆེད་རང་ལུས་དུམ་བརྒྱར་གཏུབ་ཀྱང་མི་འཛེམས་པ།།
ཁྱོད་ཀྱི་སྙན་གྲགས་གླིང་ལྔར་ཁྱབ་ཀྱང་ད་དུང་ཕལ་བའི་བརྟུལ་ཞུགས་འཛིན་དེ་ཅི།།
 
དྭངས་གཙང་གངས་ལྗོངས་གཙང་ཆབ་སྔོན་མོས་གདག་སྲིབ་སྙོམས་པའི་མན་ངག་དེ་ལྟར་ལགས།།
 
མ་བརྟག་མཚན་སྙན་ཐོབ་ཤོར་ཙམ་ལ་བརྩི་མཐོང་སེམས་སྡུག་དེ་འདྲ་བྱེད་ཅི་དགོས།།
མི་ཆོས་བརྩི་བའི་བུ་རྒོད་གང་དེར་དབྱར་རྩྭའམ་དགུན་འབུ་གང་ལྟར་བརྗོད་ཀྱང་ཆོག །
  • ལེ་ཚན་སྔོན་མ།:ཁ་བ་དཀར་པོའི་བརྩེ་སེམས།༼བདེ་ཆེན་གྱི་ཁ་བ་དཀར་པོའི་ངོ་མཚར།༽
  • ལེ་ཚན་རྗེས་མ།:ཁེགས་པ་མེད་པའི་བཞུར་ཆུ།༼ཞ་ལུ་དགོན་པར་བཞུགས་པའི་ས་པཎ་རྡོ་གཞོང་ལ་བྲིས་པ།༽