བྲག་འགོ་རྫོང་གིས་གངས་ལྗོངས་འོ་སེ་ཐོན་ལས་འདེབས་གསོ་བྱེད་ཤུགས་ཆེ་རུ་བཏང་།

དབྱངས་ཅན་གྱིས་བསྒྱུར།        2013-08-12

ཉེ་བའི་ལོ་ཤས་རིང་གངས་ལྗོངས་འོ་སེ་ཚད་ཡོད་འགན་འཁྲི་ཀུང་སིས་གངས་ལྗོངས་འོ་སེ་ཇ་དང་ལུས་ཁམས་བདེ་སྲུང་གི་ཐོན་རྫས་ཞིབ་འཇུག་དང་གསར་སྤེལ་བྱས་པ་དང་། དེའི་ཐོན་རྫས་པེ་ཅིན་དང་།ཧྲང་ཧའེ། ཧྲེང་ཀྲེན། ཀོང་ཀྲོའུ། ཁྲུང་ཆིང་། ཁྲེང་ཏུའུ་སོགས་གྲོང་ཁྱེར་ཆེ་འབྲིང་ལ་བྲིན་འཚོང་བྱེད་བཞིན་པ་རེད། 2012ལོ་རྐྱང་པར་གངས་ལྗོངས་འོ་སེ་ཇའི་ཐོན་རྫས་ཀྱི་ཡོང་འབབ་སྒོར་ཁྲི1500ལ་སླེབས་ཡོད་པ་དང་། ཐད་ཀ་དང་བར་བརྒྱུད་ཀྱིས་ལས་ཞུགས་བྱེད་སའི་ལས་གནས1000ལྷག་མཁོ་སྤྲོད་བྱས་ནས་ཞིང་པའི་ཡོང་འབབ་སྒོར་ཁྲི300ལྷག་འཕར་སྣོན་བྱུང་ཡོད། སྔར་ལྷག་གིས་ཁྱད་ལྡན་ཐོན་ལས་སྟོབས་ལྡན་ཡོང་བ་བྱེད་ཆེད། བྲག་འགོ་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་ནས་གངས་ལྗོངས་འོ་སེ་ཐོན་ལས་འདེབས་གསོ་བྱས་པ་རེད། མ་དངུལ་སྒོར་ཁྲི1900བཏང་ནས《དཀར་མཛེས་ཁུལ་གྱི་གངས་ལྗོངས་འོ་སེ་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་འཆར་འགོད།》བཟོ་འགོད་དང་ཞིབ་དཔྱད་ཀྱི་ལས་ཀ་ལེགས་འགྲུབ་བྱུང་ཡོད་པ་དང་། འོ་སེ་ཐོན་ལས་ཕྱོགས་བསྡུས་བེད་སྤྱོད་གསར་སྦོལ་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ནས་འོ་སེ་ཇའི་ཤིང་ཕྲུག་གི་རྟེན་གཞི་མུའུ་ཁྲི2.5འཛུགས་སྐྲུན་བྱས། མིག་སྔར། རྫོང་དེས་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ས་ཁུལ་གྱི་ཁ་གཏད་རོགས་སྐྱོར་གྱི་ཕན་འབྲས་ལྡན་པའི་གོ་སྐབས་དམ་འཛིན་བྱེད་བཞིན་པའི་སྒང་ཡིན་པ་དང་། ཧུར་ཐག་གིས་པ་སི་ཏི་ཚོགས་པ་དང་མཉམ་ལས་གསར་སྦོལ་གྱི་ལས་དོན་སྒྲུབ་སྟངས་གྲོས་བསྡུར་བྱས་ནས། 2015ལོའི་སྔོན་ལ་རེས་འཁོར་གྱིས་སྒོར་དུང་ཕྱུར10བཏང་ནས་མུའུ་ཁྲི30ལྡན་པའི་འོ་སེ་ཇའི་རྟེན་གཞི་བསྐྲུན་ནས་བྲག་འགོ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་ཀ་སྐྱོར་ཐོན་ལས་བསྐྲུན་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
  • ལེ་ཚན་སྔོན་མ།: གཉེན་ཉེ་སྒྲིག་པའི་བྱེད་སྒོའི་དུས་རིམ་གཉིས་པའི་ལག་བསྟར་བྱ་རྒྱུའི་འཆར་འགོད།
  • ལེ་ཚན་རྗེས་མ།: ཡེ་ཤེས་ཟླ་བས་སྡེ་དགེ་རུ་བརྟག་དཔྱད་ཞིབ་འཇུག་གནང་།
  • དོ་སྣང་ཆེ་བའི་རྩོམ།