གཉེན་ཉེ་སྒྲིག་པའི་བྱེད་སྒོའི་དུས་རིམ་གཉིས་པའི་ལག་བསྟར་བྱ་རྒྱུའི་འཆར་འགོད།

སྒྲོལ་མ་ཚེ་མཚོས་བསྒྱུར།        2013-08-12

 ཁུལ་ཡོངས་ཀྱི་གཉེན་ཉེ་སྒྲིག་པའི་བྱེད་སྒོ་སྤེལ་རྒྱུ་དེ་ཁྱིམ་དུ་ཕྱིན་ནས་གཉེན་ཉེ་སྒྲིག་པ་ནས་ཉེ་རིང་གཏུག་སར་འགྲོ་བ་དང་ཉེ་རིང་ལ་འཚམས་འདྲི་ཞུ་རྒྱུར་བསྒྱུར་ནས་བྱེད་སྒོ་རྒྱུན་བསྲིང་དང་གཏིང་ཟབ།ནུས་ལྡན་བཅས་ཀྱི་ངང་སྤེལ་བ་དང་།དོན་དངོས་དང་ཟུང་འབྲེལ་བྱེད་ཆེད།ཆེད་དུ་འོག་གི་ལག་བསྟར་བྱ་རྒྱུའི་འཆར་འགོད་འདི་གཏན་འབེབས་བྱས་ཡོད།
    དང་པོ། དམིགས་ཡུལ་དང་བླང་བྱ།
    2013ལོ་ནི་མང་ཚོགས་ལས་ཀ་སྒྲུབ་ནུས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་ཡིན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཀུན་གྱིས་ལོ་དང་པོར་ཁྱིམ་དུ་གཉེན་ཉེ་སྒྲིག་སར་འགྲོ་བ་དང་ལོ་གཉིས་པར་གཉེན་ཉེ་གཏུག་སར་འགྲོ་བ་དང་གཉེན་ཉེ་ལ་འཚམས་དྲི་ཞུ་བ།ལོ་གསུམ་པར་གཉེན་ཉེའི་བར་འཆམ་མཐུན་ཡོང་བ་བྱེད་པ་བཅས་ཀྱི་དུས་རིམ་གསུམ་པའི་དམིགས་ཡུལ་ལྟར་དམངས་ཀྱི་དོན་དུ་དོན་དངོས་གཉེར་བ་དང་སྤྱོད་གཙང་གིས་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་གཏིང་ཟབ་དང་ཞིབ་ཚགས།དོན་དངོས་བཅས་ཐད་ཤུགས་ཆེན་པོ་བརྒྱབ་ནས་དོན་དངོས་གཉེར་བ་དང་།སྲིད་ཇུས་བཤད་པ། བརྩེ་སེམས་ངོ་མ་ཆགས་རྒྱུའི་ཐད་བྱེད་ཐབས་དངོས་སྤྱད་དེ་བཟོ་ལྟ་ཙམ་སྟོན་པ་དང་ཁེ་ཕན་རིང་ལུགས་སོགས་སྤང་གང་ཐུབ་བྱེད་དགོས།ཤུགས་ཆེན་པོས་སྤྱོད་ཚུལ་གཡོ་འགུལ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་རླུང་འཚུབ་ཐེངས་གཅིག་དང་འགོ་ཡོད་མཇུག་མེད་སོགས་ཀྱི་སྣང་ཚུལ་མི་ཡོང་བར་སྔོན་འགོག་བྱེད་དགོས་པ་དང་རྒྱུན་ཆད་མེད་པར་གཉེན་ཉེ་བར་གྱི་འབྲེལ་བ་ཟབ་ཏུ་ཆགས་པ་བྱས་ནས་རང་རྟོགས་ཀྱིས་མང་ཚོགས་གཉེན་ཉེ་རུ་བརྩིས་ནས་ཏང་དང་མང་ཚོགས་བར་དང་ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་ཟམ་ནུས་ལྡན་གྱིས་འཛུགས་དགོས།
    གཉིས་པ།ལས་འགན་གཙོ་བོ།
    (གཅིག)དུད་ཚང་དུ་ཉེ་རིང་གཏུག་སར་འགྲོ་བ་དང་གཉེན་ཉེ་ལ་འཚམས་འདྲི་ཞུ་བ།རང་ཉིད་རྫོང་དང་རང་ཉིད་སྡེ་ཚན་གྱི་གཉེན་ཉེ་སྒྲིག་པའི་དུད་ཚང་ཡོད་ཚད་དང་ཁྱད་པར་དུ་གཉེན་ཉེ་སྒྲིག་པའི་ཡན་ལག་རུ་ཆུང་གིས་གཉེན་ཉེ་སྒྲིག་པའི་དུད་ཚང་ཡོངས་སུ་ཁྱབ་པ་དང་གཉེན་ཉེ་སྒྲིག་པ་དང་གཉེན་ཉེ་དང་འབྲེལ་བ་བྱེད་པའི་བྱེད་སྒོ་སྤེལ་དགོས།ཞིང་འབྲོག་ས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དཔྱིད་རྨོ་གྲ་སྒྲིག་དང་སྟོན་ཐོག་བརྔ་བསྡུ།འབྲོག་ར་སྤོ་བ་སོགས་ཞིང་འབྲོག་ལས་ལ་ཞུགས་དགོས།
    (གཉིས)སྲིད་ཇུས་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱེདཔ།གསུམ་ལ་ངོ་རྒོལ་དང་གསུམ་ལ་གཅེས་སྤྲས་བྱེད་པའི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཟབ་ཏུ་སྤེལ་བ། ཏང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་གཉེན་ཉེ་ལ་དམངས་ཕན་མ་དངུལ་འབྱོར་ཡོད་མེད་ཀྱི་གནས་ཚུལ་གཙང་བཤེར་བྱེད་རོགས་བྱེད་པ།ཏང་གི་སྒྲིག་ལམ་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཁྱད་པར་དུ་ཞིང་སྡེའི་རྒྱུན་སྤྱོད་ཁྲིམས་ལུགས་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས།
    (གསུམ)སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་ཚུལ་བསྡུ་བ།གཉེན་ཉེ་དང་ཐད་ཀར་སྙིང་གཏམ་བཤད་ནས་བསམ་ཚུལ་ཁོང་དུ་ཆུད་པ་བྱས་པ་དང་།དམངས་ཀྱི་རེ་འབོད་དང་དམངས་ཀྱི་འཁང་ར་ཉན་འཇོག་བྱས་པ།མང་ཚོགས་ཀྱི་ཁེ་ཕན་སྐོར་གྱི་རེ་བ་འཚོལ་བསྡུ་བྱེད་དགོས།
    (བཞི)གནད་དོན་ཐག་གཅོད་གང་ཐུབ་བྱེད་པ།ནུས་པ་གང་ཡོད་ཀྱིས་མང་ཚོགས་ཀྱིས་ཞུས་པའི་དཀའ་གནད་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ་དང་།འགལ་བ་དང་རྐྱེན་ངན་གཙང་སེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འདུམ་འགྲིག་དང་ཐག་གཅོད་བྱེད་པའི་ལས་ཀ་ཡག་པོ་སྒྲུབ་གང་ཐུབ་བྱེད་དགོས།
    (ལྔ)ཕྱུག་འགྱུར་གྱི་སྣེ་ཁྲིད་ཡག་པོ་བྱེད་པ།ཞིང་ཞོར་ཐོན་རྫས་ཚོང་རའི་ཆ་འཕྲིན་འདོན་པ་དང་ནུས་རྩལ་གསོ་སྦྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ངལ་རྩོལ་ནུས་ཤུགས་ལྷག་མ་ས་ཆ་གཞན་དུ་གླ་རྒྱག་སར་མགྱོ གས་པོ་གཏོང་་བ།
    གསུམ་པ། ལས་ཀ་བྱེད་ཐབས།
    (གཅིག)ཡན་ལག་རུ་ཁག་ཆུང་ཆུང་གཉེན་ཉེ་གཏུག་སར་འགྲོ་བ་དང་གཉེན་ཉེ་ལ་འཚམས་འདྲི་ཞུ་བའི་མིག་དཔེ་འཛུགས་པ།ཁུལ་དང་རྫོང་ཤང་བཅས་ལས་ཁུངས་ཀྱི་མི་ཁ་ཤས་ཀྱིས་ཚོ་ཆུང་གཅིག་དང་ལུགས་མཐུན་བསྡེབ་སྒྲིག་བྱས་ནས་ཟླ་བ་རེ་གཉིས་བར་རེས་སྐོར་བའི་བྱེད་སྟངས་ལྟར།རྒྱུན་ལྡན་གྱི་གནས་ཚུལ་དང་ཚོ་ཆུང་མངགས་རེས་བྱས་ནས་སྡོད་འཇུག་ཏུ་དགོས།ཡུལ་བབ་དང་བསྟུན་པ་དང་ཞིང་པའི་དུད་ཚང་ནང་སྡོད་པའི་བྱེད་སྒོ་སྤེལ་རྒྱུ་དར་སྤེལ་བཏང་ནས་མང་ཚོགས་དང་ངོ་དངོས་ཐུག་གིས་ཁ་བརྡ་ལབ་པ་དང་།ལག་དངོས་སྦྲེལ་གྱིས་ལས་ཀར་ཞུགས་པ།སེམས་དངོས་ཉེ་ནས་བརྩེ་དུང་ཟབ་མོ་ཆགས་པ་བཅས་བྱེད་དགོས།མང་ཚོགས་ལ་བརྩི་འཇོག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ།སྙིང་གཏམ་བཤད་པ།སྲིད་ཇུས་དྲིལ་བསྒྲགས་བྱེད་པ།མང་ཚོགས་ཀྱི་རེ་འབོད་ལ་ཉན་པ།གནད་དོན་ཞུ་རོགས་བྱེད་པ། དཀའ་གནད་སེལ་རོགས།བརྩེ་དུང་ཆགས་པ་བཅས་བྱེད་པའི་རྩ་དོན་ལྟར་ལས་ཀའི་གཙོ་གནད་གསལ་པོ་བྱེད་པ་དང་།ལས་ཀའི་ལས་འགན་དོན་འཁྱོལ་བྱས་ནས་མི་མངགས་སྡོད་མ་བྱས་སྔོན་དུ་འཆར་གཞི་ཡོད་པ་དང་ལས་མཇུག་བསྒྲིལ་རྗེས་ལས་ཀའི་ཕྱོགས་བསྡོམས་བྱེད་རྒྱུ་ཡོད་པ།ཚོ་ཐེངས་རེར་རྩིས་སྤྲོད་བྱེད་དགོས་པ་དང་ལས་སྣེ་མཐུད་རྒྱུར་ཁག་ཐེག་བྱེད་པ།དུས་མཚུངས་སུ་གཉེན་ཉེ་སྒྲིག་མཁན་ལས་བྱེད་པ་དང་ལས་བཟོ་གཞན་དག་གིས་ངེས་པར་དུ་འཚམས་འདྲི་ཞུ་དགོས་པའི་བླང་བྱ་ལྟར་བརྩེ་དུང་ཟབ་ཏུ་ཆགས་པ་དང་བསམ་ཚུལ་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
    (གཉིས)གཉེན་ཉེ་སྒྲིག་རྒྱུ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
    (གསུམ)གཉེན་ཉེ་སྒྲིག་རྒྱུ་ཡོངས་སུ་ཁྱབ་པ་བྱས་ནས་གཉེན་ཉེ་སྒྲིག་རྒྱུར་སྟོང་ཆ་མི་ལུས་པ་བྱེད་དགོས། ཟླ་བ7པའི་ཟླ་མཇུག་ཏུ་སླེབས་དུས།རིམ་ཁག་སྡེ་ཁག་གིས་གཉེན་ཉེ་སྒྲིག་ཚུལ་ལ་གཙང་བཤེར་ཐེངས་ཤིག་བྱས་ནས་ཕྱིན་ཆད་ཀྱི་ལོ་ཕྱེ་རེར་གཅིག་བསྡུས་ཀྱིས་གཙང་བཤེར་ཐེངས་རེ་བྱེད་དགོས།
    (བཞི)གཉེན་ཉེ་ལས་ཀ་འཁོར་སྐྱོད་བྱེད་སྟངས་ཚད་ལྡན་བྱེད་པ།
    (ལྔ)ཆ་རྐྱེན་བསྐྲུན་ནས་ཤུགས་ཆེན་པོས་མང་ཚོགས་ཀྱི་རེ་བ་ཐག་གཅོད་བྱེད་པ།གཅིག་ནི་རིམ་པ་ལྟར་གྲོང་ཚོ་དང་ཤང་།(གྲོང་རྡལ)རྫོང་།ཁུལ་བཅས་རིམ་པ་བཞིའི་མང་ཚོགས་ཀྱི་རེ་བ་དོ་དམ་སྟེགས་བུའི་རྩིས་ཐོ་དེབ་འཛུགས་པ།གཉིས་ནི་མང་ཚོགས་ཀྱི་རེ་ཞུ་དོ་དམ་ལས་ཀའི་ཉིན་རེའི་ལམ་ལུགས་འཛུགས་པ། གསུམ་ནི་མང་ཚོགས་ཀྱི་རེ་ཞུ་གྲོས་མོལ་ཚོགས་འདུའི་ཐོག་སྒྲུབ་གཉེར་ལྡོག་ལན་རྒྱག་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ།བཞི་ནི་གཉེན་ཉེ་སྒྲིག་པའི་དབུལ་སྐྱོར་མ་དངུལ་ཐེབས་རྩ་འཛུགས་རྒྱུར་སྐུལ་མ་བཏང་ནས།རྫོང་སོ་སོས་རང་རང་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་གཉེན་ཉེ་སྒྲིག་པའི་དབུལ་སྐྱོར་མ་དངུལ་ཐེབས་རྩ་འཛུགས་རྒྱུ།མི་སེར་གྱི་བསམ་འཆར་ཆེ་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ།བདེ་སྐྱིད་ལས་གྲྭ་དང་སྣེ་མཐུད་དམ་ཟབ་བྱས་ནས་ཤུགས་ཆེན་པོས་དེར་ཞུགས་པའི་འཕེལ་རྒྱས་གཏོང་རྒྱུ་ལག་བསྟར་བྱས་ནས་མང་ཚོགས་ཀྱི་བློར་བབ་པའི་ལས་གྲྭ་འཛུགས་རྒྱུ།
    (དྲུག)ཁྱོན་ཡོངས་ནས་མང་ཚོགས་ལས་ཀ་བྱེད་ནུས་མཐོ་རུ་ནུས་ལྡན་གཏོང་རྒྱུ།
    བཞི་པ།བྱེད་སྒོའི་གཞི་རྟེན།
    (གཅིག)ཕྱི་བལྟས་བྱེད་པའི་བྱེད་སྒོ་སྤེལ་རྒྱུ།མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་གཅིག་བསྡུས་ཀྱིས་ཕྱི་མིག་ལྟ་བའི་ཞིབ་བཤེར་ཡོ་བསྲང་གི་བྱེད་སྒོ་ཐེངས་ཤིག་སྤེལ་ནས་ཉམས་མྱོང་ཕྱོགས་སྡོམ་བྱེད་པ་དང་།གནད་དོན་ལ་ཞིབ་བཤེར་བྱེད་པ།བྱེད་ཐབས་གསལ་པོར་བྱེད་པ།ལེགས་སྒྲིག་བཅོས་བསྒྱུར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།ངོས་འཛིན་ཐད་ཕྱོགས་འཛོལ་དང་།ལས་ཀ་ཁྱད་པ་ཡོད་པ། ཡོངས་སུ་ཁྱབ་པར་ལྷག་ལུས་བྱུང་བ།ཉེ་རིང་རྒྱང་ཐག་ཡོད་པ་སོགས་མངོན་གསལ་དུ་དོད་པོའི་གནད་དོན་བཅས་ཐག་གཅོད་ནུས་ལྡན་བྱ་རྒྱུ།
    (གཉིས)བསམ་བློ་གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་རྒྱུ། མང་ཚོགས་ངའི་སེམས་ནང་གལ་ཆེ་ཤོས་ཡིན་ནམ།ང་དང་མང་ཚོགས་བར་ཉེ་ཆེན་པོ་ཡིན་ནམ་ཞེས་པའི་ནང་དོན་གཙོ་བོའི་བསམ་བློའི་གྲོས་བསྡུར་ཆེན་པོའི་གཅིག་སྡུད་བྱེད་སྒོ་སྤེལ་བ་དང་།འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་གཏམ་བཤད་བྱས་ནས་མི་ཚང་མ་ཞུགས་གང་ཐུབ་པ་བྱ་རྒྱུ།
    (གསུམ)སྙིང་གཏམ་བཤད་རེས་བྱེད་པའི་བྱེད་སྒོ་སྤེལ་རྒྱུ།
    (བཞི)བོད་སྐད་ཁ་སྐད་བཤད་པའི་བྱེད་སྒོ་སྤེལ་རྒྱུ།གཅིག་གིས་གཅིག་ལ་རོགས་བྱེད་པ་དང་གཅིག་གིས་ཁ་ཤས་ལ་རོགས་བྱེད་པའི་བོད་སྐད་སྦྱོང་བའི་རོགས་ཁྲིད་འབྲེལ་བ་བཙུགས་ནས་ཤེས་མ་ཚར་བར་དུ་སློབ་རྒྱུ་བྱེད་པ།ཕྱོགས་གཉིས་ཀར་དཔྱད་སྡུར་བྱེད་པ་དང་།ཕྱོགས་གཉིས་ཀར་སྐུལ་མ་གཏོང་བ་བྱ་རྒྱུ།བོད་སྐད་སློབ་སྦྱོང་འཛིན་གྲྭ་གཉེར་བ་དང་།སློབ་སྦྱོང་འཛིན་གྲྭ་ཇེ་དྲག་ཏུ་གཏོང་བ།ལས་ཁུངས་ཀྱི་ལས་བྱེད་པས་གཉེན་ཉེ་སྒྲིག་པའི་ལས་ཀའི་མཁོ་དགོས་ལྟར་བོད་སྐད་སྦྱོང་དགོས་པར་མ་ཟད།ད་རུང་བྱེད་ཐབས་ནུས་ལྡན་བླངས་ནས་ལས་བྱེད་པས་བོད་སྐད་སྦྱོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་གྱི་རང་བཞིན་མཐོ་རུ་གཏོང་རྒྱུ་བྱེད་པ།
    (ལྔ)ཆ་འཕྲིན་མཉམ་འགུལ་གྱི་བྱེད་སྒོ་སྤེལ་རྒྱུ།འཕྲིན་སྐྱེལ་དང་ཁ་པར།འབྲེལ་འཕྲིན་སོགས་ལག་འཛིན་ཁ་པར་གྱི་ཆ་འཕྲིན་སྟེགས་བུ་དང་ཏང་ཡོན་གྱི་ལག་འཛིན་ཁ་པར་གྱི་ཆ་འཕྲིན་སྟེགས་བུ་བེད་སྤྱོད་བྱས་ནས་རྒྱ་ཁྱབ་ཏུ་སྤྱི་ཚོགས་ཀྱིས་མང་ཚོགས་ལས་ཀར་གདེང་འཇོག་དང་བསམ་འཆར་གྲོས་གཞི་བསྡུ་རུབ་བྱེད་དགོས།
    ལྔ་པ།འགན་འཁྲི་དོ་དམ་དཔྱད་ཞིབ་དང་ལས་ཀའི་བླང་བྱ།
    (གཅིག)འགན་འཁྲིའི་བརྗོད་བྱ་གཙོ་བོ།རིམ་ཁག་སྡེ་ཁག་གི་འགན་ཁུར་མི་སྣ་ནི་རང་ཉིད་ས་ཁུལ་དང་རང་ཉིད་སྡེ་ཁག་གི་གཉེན་ཉེ་སྒྲིག་པའི་བྱེད་སྒོའི་འགན་ཁུར་མཁན་ཨང་དང་པོ་ཡིན་པས།འགན་འཁྲི་ལས་འགན་ཏན་ཏིག་ཁུར་བ་དང་།རྩ་འཛུགས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ།ལས་ཀའི་འཆར་གཞི་ཞིབ་འཇུག་བཟོ་འགོད་ཞིབ་ཚགས་བྱས་ནས་བྱེད་སྒོ་སྤེལ་བར་རྩ་འཛུགས་ཀྱི་ཁག་དང་།མི་ཤུགས་ཐད་རྒྱབ་སྐྱོར་དང་འགན་སྲུང་ཤུགས་ཆེན་བྱེད་དགོས།
    (གཉིས)འགན་འཁྲི་དོ་དམ།གཉེན་ཉེ་སྒྲིག་པ་དང་དེའི་ཁྱིམ་ཚང་གི་གྲུབ་མིས་ཚོགས་སྤྱི་རང་བཞིན་གྱི་དོན་རྐྱེན་དང་བདེ་འཇགས་ལ་ཉེན་ཁ་བཟོ་བའི་གྱོ ད་དོན་སོགས་རྩ་འཛུགས་དང་དེར་ཞུགས་པ།ཇུས་འགོད་བྱས་པ་བཅས་ཡིན་ཕྱིན།ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་སྣེ་ཁྲིད་པ་དང་།འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་བྱེད་དགོས་པ་དང་གཉེན་ཉེ་སྒྲིག་མཁན་ལས་བྱེད་པ་དང་ལས་བཟོའི་འགན་འཁྲི་ལྡོག་བཤེར་བྱ་རྒྱུ། བླང་བྱ་ལྟར་གཉེན་ཉེ་གཏུག་སར་འགྲོ་བ་དང་གཉེན་ཉེ་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་མེད་པ་དང་།ཡང་ན་ལས་ཀ་ལས་ཀ་གཏིང་ཟབ་སྤེལ་མེད་མཁན་གྱི་ལས་བྱེད་པ་དང་ལས་བཟོའི་འགན་འཁྲི་འདྲི་རྩད་ལག་བསྟར་བྱེད་དགོས།མང་ཚོགས་ལས་ཀར་མཐོང་ཆེན་བྱས་མེད་པ་དང་།འགོ་ཁྲིད་བྱེད་ཐུབ་མེད་པ།བྱེད་ཐབས་འཚམ་པོ་མིན་པ།འགན་སྲུང་བྱ་རྒྱུ་དོན་འཁྱོལ་བྱས་མེད་པའི་རྐྱེན་གྱིས།སྡེ་ཚན་གྱི་ལས་ཀར་སྐུལ་འདེད་གཏོང་རྒྱུ་ཕན་འབྲས་མི་ཐོབ་པ་བྱས་ཚེ།ཁུལ་དང་རྫོང་རྩ་འཛུགས་སྡེ་ཁག་གིས་སྣེ་ཁྲིད་བྱས་ནས་འགན་འཁྲི་འདྲི་བའི་བརྟག་དཔྱད་ཞིབ་འཇུག་གི་གོ་རིམ་སྤེལ་འགོ་བཙུགས་ནས་འགན་ཁུར་པ་གཙོ་བོའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།དུས་ཐོག་ཏུ་ལས་ཀའི་གྲུབ་འབྲས་མངོན་གསལ་ཐོབ་པ་དང་ཁྱད་པར་ཕུལ་དུ་བྱུང་བའི་སྡེ་ཚན་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས།
    (གསུམ)དཔྱད་ཞིབ་ལྟ་སྐུལ་ཞིབ་བཤེར།ཁུལ་དང་རྫོང་དམངས་ཆེན།སྲིད་གྲོས་བཅས་ཀྱིས་རྟོག་ཞིབ་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་རྒྱུར་རྒྱབ་རྟེན་བྱས་ནས་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།གཙོ་གནད་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་ཟབ་མོ་ལག་བསྟར་བྱེད་པ།འགུལ་ཚུལ་གྱིས་གཞི་རིམ་གྱི་དོན་འཁྱོལ་བྱེད་ཚུལ་ཁོང་དུ་ཆུད་པ་བྱ་རྒྱུ།ཚན་རིག་དང་མཐུན་པའི་ལྟ་སྐུལ་ཞིབ་བཤེར་དང་མངོན་ཆུང་དུ་རྟོག་ཞིབ་བྱས་པའི་མཇུག་འབྲས་བེད་སྤྱོད་བྱས་ནས་ཞིང་ཆེན་གྱི་ཁོངས་གཏོགས་སྲིད་འཛིན་ཁེ་ལས་དོན་ལས་སྡེ་ཚན་དང་བཅར་སྡོད་ལྟ་སྐུལ་ཞིབ་བཤེར་དཔྱད་བསྡུར་བྱེད་ཚུལ་དེ་རང་ཉིད་སྡེ་ཚན་གྱིས་ཡིད་མཐུན་བྱས་རྗེས་གོང་རིམ་གཙོ་གཉེར་སྡེ་ཚན་ལ་བརྡ་ཁྱབ་གཏོང་དགོས།ལྟ་སྐུལ་ཞིབ་བཤེར་མངོན་ཆུང་མཇུག་འབྲས་དེ་རིམ་ཁག་སྡེ་ཚན་གྱི་དམིགས་ཡུལ་དཔྱད་ཞིབ་བྱེད་དགོས་པ་དང་།ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་དང་ལས་བྱེད་པ་འདེམས་བསྐོ་བཀོལ་སྤྱོད་བྱ་རྒྱུ་དང་ཟུང་འབྲེལ་བྱེད་དགོས།
    (བཞི)དཔྱད་ཞིག་ཡིག་རིགས་སྐྱེལ་བ་དང་དྲིལ་བསྒྲགས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀ་ཡག་པོ་ལས་དགོས།རིམ་ཁག་སྡེ་ཁག་གིས་མང་ཚོགས་ལམ་ཕྱོགས་དང་མང་ཚོགས་ཀྱི་འདུ་ཤེས་སློབ་གསོ་ཁྲིད་སྟོན་ལས་ཀར་ཤུགས་སྣོན་བརྒྱབ་སྟེ།ལས་བྱེད་པ་དང་ལས་བཟོ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་དོ་ཁུར་བྱེད་ནུས་དེ་མང་ཚོགས་ལས་ཀ་ཡོངས་སུ་ཁྱབ་པའི་ཐོག་སྣེ་ཁྲིད་བྱས་ནས་ལས་བྱེད་པ་དང་ལས་བཟོ་ཚོའི་སེམས་ཤུགས་གཅིག་སྒྲིམ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་དགོས།དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དང་ཟུང་འབྲེལ་བྱས་ནས་ཤུགས་ཆེན་པོས་སྔོན་ཐོན་མིག་དཔེ་སྔོག་འདོན་དང་དཔྱད་བསྡུར་གདམ་གསེས་བྱ་རྒྱུ་དར་སྤེལ་བཏང་ནས་བྱེད་སྒོ་སྤེལ་བའི་ཁྲོད་སྔོན་ཐོན་མི་སྣ་དང་དཔེ་འོས་བྱས་རྗེས་རྒྱ་ཁྱབ་གཏིང་ཟབ་ཀྱིས་དྲིལ་བསྒྲགས་བྱེད་པ་དང་།ཁྲིད་སྟོན་གསལ་པོ་བྱས་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་སྐྲུན་གང་ཐུབ་བྱེད་དགོས།ཚགས་ཡིག་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་གཉེན་ཉེ་སྒྲིག་པའི་བྱེད་སྒོའི་ཆ་འཕྲིན་(པར་རིས་)སྣ་ཚོགས་བསྡུ་རུབ་དང་ཕྱོགས་སྡུད་བྱེད་དགོས།ལས་སྟངས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་དང་ཁྱབ་གདལ་བཏང་ནས་བྱེད་སྒོ་ཟབ་སྤེལ་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས།
  • ལེ་ཚན་སྔོན་མ།: རང་ཁུལ་གྱི་མང་ཚོགས་ལས་ཀར་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་ཁས་ལེན་གང་ལེགས་གནང་བ།
  • ལེ་ཚན་རྗེས་མ།: བྲག་འགོ་རྫོང་གིས་གངས་ལྗོངས་འོ་སེ་ཐོན་ལས་འདེབས་གསོ་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།